རྔ་བ་རྫོང་གི་སྐབས་བཅུ་བཞུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོའི་སྟེང་།
རྔ་བ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན། ཨོ་དབྱངས་ཧྲང་ཕེན།
༢༠༢༡ལོའི་ཟླ་༡༢
འཐུས་མི་རྣམ་པ།
ད་ལྟ་ངས་རྔ་བ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་བྱས་ཏེ་ངེད་ལས་ཁུངས་ཀྱི་ལས་ཀའི་སྙན་ཞུ་འབུལ་རྒྱུ་ཡིན་པས། རྣམ་པ་ཚོས་ཞིབ་བཤེར་བྱེད་པ་དང་། རྫོང་སྲིད་གྲོས་ཀྱི་ཨུ་ཡོན་དང་ཚོགས་འདུ་ཟུར་ཞུགས་ཀྱི་བློ་མཐུན་ཚོས་དགོངས་འཆར་གནང་བར་ཐུགས་རྗེ་ཆེ།
འདས་པའི་ལོ་ལྔའི་ལས་ཀའི་ཕྱོགས་བསྡོམས།
འདས་པའི་ལོ་ལྔ་ནི་ཞིབ་དཔྱོད་ལས་དོན་འཕེལ་རྒྱས་གཏོང་རིམ་ཁྲོད་ཀྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་ཡིན་ཞིང་།འགག་སྒྲོལ་དཀའ་སེལ་དང་།འབད་འབུངས་ཡར་བརྩོན་གྱི་ལོ་ལྔ་ཡིན་ལ།ཞིབ་དཔྱོད་སྒྲིག་སྲོལ་བསྒྱུར་བཅོས་གལ་ཆེན་དང་ཞིབ་དཔྱོད་ལས་ཁུངས་བསྐྱར་དུ་བསྒྱུར་བཅོས་བྱེད་པའི་ལོ་ལྔའང་ཡིན། ལོ་ལྔའི་རིང་། རྔ་བ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྫོང་ཨུ་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྫོང་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ནུས་ལྡན་འོག རྫོང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་རྫོང་གི་ཆབ་གྲོས་ཀྱིས་དམངས་གཙོའི་ལྟ་སྐུལ་བྱས་པར་བརྟེན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རབ་དང་རིམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། ཞིང་ཆེན་དང་ཁུལ།རྫོང་ཨུ་ལྷན་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་དང་།“ཆབ་སྲིད་ལ་དོ་སྣང་།ཁྱོན་ཡོངས་ལ་ལྟ་རྟོགའཕེལ་རྒྱས་བརྩོན་ལེན།རང་སྟོབས་རང་སྤེལ”བཅས་ཀྱི་ཞིབ་དཔྱོད་ལས་དོན་གྱི་སྤྱིའི་བླང་བྱ་ལག་ལེན་ཏན་ཏིག་བསྟར་བ།བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར།“ཞིབ་དཔྱོད་ཆེན་པོ་བཞི”དང“ལས་སྒོ་ཆེན་པོ་བཅུ”དོ་མཉམ་ངང་འཕེལ་རྒྱས་གཏོང་བར་མཐུན་སྦྱོར་ངང་སྐུལ་འདེད་བཅས་བྱས་ཏེ།ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས།ཁྲིམས་སྐྱོང་གི་རང་འགུལ།ཞིབ་དཔྱོད་ཀྱི་རང་རྟོགས་བཅས་ཀྱི་སྒོ་ནས་འགན་འཁྲི་འཁུར་དུ་བླངས་ནས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ལོ་ལྔའི་རིང་ཁྱོན་བསྡོམས་གྱོད་གཞི་སྣ་ཚོགས་ཁ་གྲངས ༥༨༠ ཞིབ་གཅོད་བྱས་ཡོད། དེའི་ནང་ནས་འཛིན་བཟུང་ཞིབ་བཤེར་བྱས་པའི་གྱོད་གཞི ༢༣༧ དང་། ཞིབ་བཤེར་ཁྲིམས་སྦྱོར་བྱས་པའི་གྱོད་གཞི ༢༨༥ བདག་སྤྲོད་བྱས་པ།རང་འགུལ་ངང་འགན་འཁྲི་བསྒྲུབས་པའི་སྤྱི་ཕན་གཏུག་བཤེར་གྱོད་གཞི ༥༨ ཡོད།
དང་པོ། གཙོ་གནད་དམིགས་བཟུང་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་འགན་འཁྲི་འཁུར་སེམས་ཆེན་པོ་བཅངས་ནས་ཞིབ་དཔྱོད་ཀྱི་འགན་འཁྲི་འཁུར་སེམས་གསར་པ་མཚོན་པ།
ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱས་པ། རྫོང་ཨུའི་བརྟན་བརླིང་སྲུང་སྐྱོང་ལས་ཀའི་སྤྱིའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ།“ངོ་རྒོལ་གསུམ་དང་སྔོན་འགོག་གཉིས”ཀྱི་ཆེད་དོན་འཐབ་རྩོད་ལ་དམ་པོར་དམིགས། རང་འགུལ་གྱིས་འགོག་ཟོན་དང་།རང་འགུལ་གྱིས་ཕར་རྒོལ་བྱས་ཏེ།སྤྱི་ཚོགས་བརྟན་འཇགས་དང་ཚོད་འཛིན་སྐོར་གཡེང་ཧུར་ཐག་གིས་ཞུགས་པ། ཁ་ཕྲལ་གྱི་འཐབ་རྩོད“ཡལ་གཅོད།རྩ་བ་དྲང་གཞག”བཅས་ཀྱི་ལས་དོན་གཏིང་ཟབ་སྤེལ།“ངན་འབྲེལ་འཅོད་པ”དང“རྩ་བ་གཅོད་པ།”“འབྲེལ་རྒྱུན་གཅོད་པ”བཅས་ཀྱི་ཁྲིམས་འགལ་ཉེས་གསོག་ཁག༣ལ་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་བཏང་བ་དང་།“T22”ཀྱི་གྱོད་གཞི་སྒྲུབ་པར་ཧུར་ཐག་གིས་ཞུགས་པ།ཉེན་ཆེའི་བདེ་འཇགས་གྱོད་གཞིའི་དོན་རྐྱེན་མང་བ་ནས་གློ་བུར་དུ་བྱུང་བ་དང་།མིག་སྔའི་བར་དུ་ཐོན་མེད་པའི་བརྟན་བརླིང་ལ་རྒོལ་བའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ཞིང་།རྒྱལ་ཁབ་ཀྱི་བདེ་འཇགས་དང་སྲིད་དབང་གི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ།ཁྲིམས་སྐྱོང་ལ་བརྟེན་ནས་བརྟན་བརླིང་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་བཏང་ཡོད།
ནུས་ཤུགས་ཡོད་རྒུས་དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དབུལ་སྒྲོལ་དམིགས་ཚད་ལ་དམ་པོར་དམིགས་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ༤༣ཚང་མ་དབུལ་སྒྲོལ་ཐུབ་རྒྱུར་བདེ་བླག་ངང་རོགས་རམ་བྱས་པ།གནོད་འཚེ་ཕོག་མཁན་དབུལ་པོའི་དུད་ཚང ༢ ལ་ཁྲིམས་འཛིན་གྱི་རོགས་སྐྱོབ་དངུལ་སྒོར་ཁྲི ༤ སྤྲད་ནས་ཁོང་ཚོར་དཀའ་ངལ་སེལ་རོགས་ནུས་ལྡན་བྱས་ཡོད། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཉེས་དོན་ཉེས་གསོག་གྱོད་གཞི་ངོ་གྲངས ༡ དང་མི ༢ ལ་བཅའ་ཁྲིམས་ལྟར་ཉེས་ཆད་ནན་པོ་བཅད་དེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱས་པ། “གཉིས་སྦྲེལ།གཅིག་སྐྱོད”ཀྱི་མང་ཚོགས་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་གཅའ་རུ་གྲོང་རྡལ་པད་མ་ལ་ཐང་སྡེ་བའི་མང་ཚོགས༡༨༢འབྲེལ་བ་བྱས་ཏེ།མི་ཐེངས ༡༣༢༠ ལྷག་ཙམ་ལ་བཅར་འདྲི་དང་། དགེ་འདུན་པ༦༦ ལ་འབྲེལ་བ་བྱས་ནས་མི་ཐེངས ༧༢༠ ལྷག་ཙམ་ལ་བཅར་འདྲི་བྱས་ཡོད།“གྱོད་གཞིགས་ཁྲིམས་འགྲེལ”“ཁྲིམས་འགྲེལ་གནས་ལུགས་བརྗོད་པའི”བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་སྲིད་ཇུས་སྒྲོག་འགྲེལ་མི་ཐེངས ༡༡༣༠ ལྷག་ཙམ་གཏིང་ཟབ་བྱས་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཐུབ་ཆེད། ད་ལོ་ལས་མི ༢ གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་བར་བཏང་བ། རོགས་སྐྱོར་སྡེ་བ་ལ་སྒོར་ཁྲི ༥ ཡི་སྤོ་ལོ་རྒྱག་ས་བསྐྲུན་པ་དང་གཞུང་ལས་སྒྲིག་ཆས་ཀྱང་ཉོས་པ།གྲོང་ཚོ་དེས“དམངས་ཀྱི་ཆེད་དུ་ཞིབ་དཔྱོད་བྱས་ནས་བྱ་བ་དངོས་དོན་སྒྲུབ་པ”ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་ཆེན་པོ་བྱས་པ་མ་ཟད།ཏང་དང་མང་ཚོགས།ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཞི་མཐུན་བྱུང་ཡོད།
གང་ཐུབ་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནང་འདྲེས་པར་བྱེད་པ། རྫོང་ཨུ་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས་རིམས་འགོག་གྲལ་བཤེར་དང་སྔོན་འགོག་ཚོད་འཛིན་གྱི་ལས་རེས་ལས་འགན་ཧུར་ཐག་ཞུགས་པ།“ཞིབ་དཔྱོད་ལས་མི+”བྱེད་སྟངས་སྤྱད་དེ་མི་ཐེངས༡༢༠༠ལྷག་ཙམ་ལ་ཞུགས་ཡོད་པ་རེད། ཞིབ་དཔྱོད་ཀྱི་འགན་ནུས་དང་ཟུང་འབྲེལ་བྱས་ནས་དུས་ཐོག་ཏུ་རིམས་ནད་དང་འབྲེལ་བ་ཡོད་པའི་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས། 《ཤིན་ཀོན་གློ་ཚད་རིམས་ནད་སྐབས་ཁྲིམས་འགལ་གྱི་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བའི་སྐོར་གྱི་སྤྱི་བསྒྲགས》ལ་མིང་རྟགས་འགོད་པ། ཟས་རིགས་དང་སྨན་རྫས་ཉེན་མེད་དང་།བྱེས་སྐྱེས་སྲོག་ཆགས་ཉོ་འཚོང་སོགས་ལ་ཆེད་དམིགས་ཞིབ་དཔྱོད་ལྟ་སྐུལ་ཏན་ཏིག་གིས་སྤེལ་ཏེ།གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གིས་སྨན་བཅོས་སྙིགས་རོ་ཚད་ལྡན་མིན་པའི་གནད་དོན་ཐག་གཅོད་བྱེད་པར་ཞིབ་དཔྱོད་བསམ་འཆར་ཡི་གེ ༥ བཀྲམ། ཚད་དང་མི་མཐུན་པའི་ནད་ཕོག་ནས་ཤི་བའི་ཕྱུགས་རིགས་དང་བྱ་རིགས་ཐག་གཅོད་བྱེད་གནས ༤ ལ་གནས་སྤོའི་བསྐྱར་སྐྲུན་བྱ་རྒྱུའི་གྲོས་འགོ་བཏོན་པ་མ་ཟད།སྲིད་འཛིན་ལས་ཁུངས་ལ་དོན་འཁྱོལ་ཡོང་བར་སྐུལ་འདེད་ཀྱང་བྱས་ཏེ།རིམས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་ཧུར་ཐག་བྱས་ཡོད།
ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་ཤུགས་རྒྱག་པ།དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དངུལ་རྩའི་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་དང་མྱུར་པོ་བཏང་བ།སྤྱི་དམངས་ཀྱི་བཅོལ་དངུལ་ཁྲིམས་འགལ་གྱིས་བསྡུ་ལེན་དང་།གནས་ཐང་འཕར་ཁྲལ་གྱི་ཆེད་སྤྱོད་འཛིན་ཤོག་རྫུན་འབྲི་སྐོར་གྱི་བྱས་ཉེས་བསགས་པའི་གྱོད་གཞི ༡ མི ༡ འཛིན་བཟུང་ཆོག་མཆན་བཀོད་པ།གྱོད་གཞི ༢ དང་མི ༢ཁྲིམས་སྦྱོར་བྱས་ཡོད། “བརྟན་པོ་དྲུག་”གི་ལས་དོན་ལེགས་པོར་བསྒྲུབས།“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱས། 《རྔ་བ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་འགན་སྲུང་བྱེད་པའི་སྐོར་གྱི་བསམ་འཆར་དོན་ཚན ༢》ལག་བསྟར་དོན་འཁྱོལ་ནན་ཏན་བྱས། ཁེ་ལས་དང་འབྲེལ་བའི་ཉེས་གསོག་གྱོད་གཞིར་འཛིན་བཟུང་གཟབ་ནན་དང་ཞུ་གཏུག་ནན་པོར་བྱེད་པའི་འདུ་ཤེས་མཐའ་འཁྱོངས་བྱས་ནས་ཉེས་པ་དང་ཆད་གཅོད་ངོས་ལེན་བྱས་པར་གུ་ཡངས་གཏོང་བའི་སྲིད་ཇུས་ཁྲིམས་ལྟར་སྤྱད་པ་དང་།ཀྲེན་ཆེ་གེ་མོས་ཁྲིམས་འགལ་ངང་སྤྱི་དམངས་ཀྱི་བཅོལ་དངུལ་སྒོར་ཁྲི༥༠༠༠ལྷག་ཙམ་བསྡུ་ལེན་བྱས་པའི་གྱོད་གཞི་ཐག་གཅོད་བྱས་པ།ཞིབ་བཤེར་དུས་མཚམས་སུ་དེ་ཚང་མར་སྐྱིན་ཚབ་འཇལ་དུ་བཅུག་རྗེས་མི་དམངས་ཁྲིམས་ཁང་གིས་ཉེས་ཆད་ཕྱིར་འགྱངས་སྤྱད་དེ་དང་ལེན་བྱས་ནས་ཁེ་ལས་ཀྱི་རྒྱུན་གཏན་ཐོན་སྐྱེད་འགན་ལེན་དང་སྤྱི་ཚོགས་བརྟན་བརླིང་ངང་ལས་ཞུགས་ཐུབ་རྒྱུར་འགན་ལེན་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
ཤུགས་ཆེན་པོས་སྔོ་ཞིང་དྭངས་བའི་རི་ཆུ་སྲུང་བ། རྔ་བ་རྫོང་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོ་གལ་ཆེན་དང་།སི་ཁྲོན།ཀན་སུའུ།མཚོ་སྔོན་བཅས་ཞིང་ཆེན་གསུམ་འབྲེལ་མཚམས་ཀྱི་སྣོད་བཅུད་ཁོར་ཡུག་ཡིན་པས།དེའི་དམིགས་བསལ་རང་བཞིན་ལ་དམིགས་ཏེ《སྣོད་བཅུད་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་གི་དངོས་མིང་ཐེར་འདོན་དང་ལག་བསྟར་བྱ་ཐབས (ཚོད་བསྟར)》བཟོས་པ་དང་།རྩ་ཆེའི་རིགས།སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བ།ནགས་ཤིང་རྐུ་གཅོད་སོགས་སྐྱེ་ཁམས་སྐོར་ཀྱི་ཉེས་དོན་ཉེས་གསོག་གྱོད་གཞི ༨ དང་མི༡༠ ལ་འཛིན་བཟུང་ཆོག་མཆན་སྤྲད་པ་དང་། གྱོད་གཞི ༡༥ མི ༢༡ ཁྲིམས་སྦྱོར་བྱས། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་གི་སྤྱི་ཕན་གཏུག་བཤེར ༤༥ བསྒྲུབས་ཤིང་།ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར ༩ བཏོན་ཡོད།རྫོང་ཁྲིམས་ཁང་།རྫོང་ནགས་ཚལ།རྩྭ་ཐང་ཅུས་དང་ལྷན་དུ་ལྗང་གསབ་འདེབས་འཛུགས་རྟེན་གཞི་མུའུ ༥༠ ལྷག་བཙུགས་པ།གསོམ་སྡོང་དང་སྡོང་ཕྲུག ༡༠༠༠ ལྷག་གསབ་འཛུགས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་ཁྲིམས་སྐྱོང་སྒྲིབ་དངོས་བསྐྲུན་ཡོད།
རུལ་རྒོལ་གཙང་སྤེལ་ལ་ནུས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏང་བ། ལས་ཐོག་བྱས་ཉེས་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་རྒྱུ་མཐའ་འཁྱོངས་བྱས་པ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ལས་ཐོག་བྱས་ཉེས་རིགས་བདག་སྤྲོད་བྱས་པ་མི ༣ ཡོད་པ།མི ༢ ལ་གཞུང་ཕྱོགས་ནས་ཞུ་སྦྱོར་བྱས་ཡོད། ལྟ་ཞིབ་ཨུ་ལྷན་དང་མཉམ་སྒྲུབ་གཞོགས་འདེགས།ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ།《གཞུང་ཞབས་པའི་ཁྲིམས་འགལ་ཉེས་གསོག་གྱོད་དོན་ཞིབ་གཅོད་བྱེད་སྐབས་མཉམ་སྒྲུབ་གཞོགས་འདེགས་བྱ་རྒྱུའི་སྐོར་གྱི་ལས་ཀ་བྱེད་ཐབས (ཚོད་བསྟར)》ལ་མིང་རྟགས་འགོད་པ།གྱོད་གཞིའི་ངོ་བོ་གཏན་འཁེལ་དང་།དཔང་རྟགས་འཐུས་ཚང་།བཙན་ཤེད་ཀྱི་བྱེད་ཐབས་སྤྱད་འཐུས་སོགས་ཀྱི་སྔོན་ལ་ལས་ཐོག་ཉེས་གསོག་གྱོད་དོན ༤ ལ་ཞུགས་ཡོད།“འཐུས་མི་གཉིས་དང་ཨུ་ཡོན་གཅིག”གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་གཞུང་ལས་མི་སྣའི་ཁྲིམས་འགལ་ཉེས་གསོག་ཐོ་འགོད་བྱས་ནས་མི་ཐེངས ༡༠༠༠ ལྷག་ཙམ་ལ་འདྲི་རྩད་བྱེད་རོགས་བྱས་པ་རེད།
གཉིས། དམངས་འཚོར་དོ་ཁུར་དང་བདེ་འཇགས་སྲུང་སྐྱོང་བྱས་ཏེ་ཞིབ་དཔྱོད་ཀྱི་འགན་འཁྲི་ཏན་ཏིག་བསྒྲུབས་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་སློག་པ།
ནག་སེལ་གཤེད་འཇོམས་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ། རང་རྟོགས་ཀྱིས་ཆེད་དོན་འཐབ་རྩོད་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས“འབྲེལ་བའི་དྲ་བ།སྲོང་གདུགས་སོགས་གཏོར་བ”དང“རྒྱུ་ནོར་ཆད་པ”ལ་དམིགས་ནས་ནག་ཚོགས་དང་འབྲེལ་བའི་གྱོད་གཞིའི་ཁུངས་སྣེ ༡༧ རྩད་ཞིབ་བྱས་པ།ནག་ཉེས་དང་འབྲེལ་བའི་གྱོད་གཞི ༡ དང་མི ༣ ཞིབ་གཅོད་བྱས་པ།གྱོད་གཞི༡དང་མི ༣ འཛིན་བཟུང་ཆོག་མཆན་བཀོད་པ།གྱོད་གཞི ༣ དང་མི ༩ ཁྲིམས་སྦྱོར་བྱས་ཡོད། དཔེར་ན། འཇམ་དབྱངས་བརྩོན་འགྲུས་སོགས་སྟོབས་ཤུགས་ངན་པའི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་བས་ཆབ་སྲིད་ཀྱི་ཕན་འབྲས་དང་།སྤྱི་ཚོགས་ཀྱི་ཕན་འབྲས།བཅའ་ཁྲིམས་ཀྱི་ཕན་འབྲས་བཅས་ཡག་པོ་ཐོབ་ཡོད། “ལས་རིགས་ཀྱི་འབྱུང་རྩ་གཙང་བཤེར”ལས་དོན་ཧུར་ཐག་སྤེལ་ནས་འབྲེལ་ཡོད་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་གྱི་སྐྱོན་ཆ་ལ་དམིགས་ཏེ་སྒྲིག་འགལ་དང་།སྒྲིག་གཞི།བཅོས་སྒྲིག་བཅས་ཀྱི་ཞིབ་དཔྱོད་བསམ་འཆར ༣ བཏོན་ཡོད་པ་རེད། རྒྱུན་ལྡན་ཅན་དུ་འགྱུར་བར་བྱས་ནས་ནག་ཚོགས་སྤྱོད་ངན་གཙང་སེལ་བྱེད་པའི་ཆེད་དམིགས་འཐབ་རྩོད་སྤེལ་རྒྱུ་རྒྱུན་འཁྱོངས་དང་།ཡུན་ཕན་ལམ་སྲོལ་འཛུགས་པ།ནག་ཚོགས་སྤྱོད་ངན་སྟོབས་ཤུགས་ཀྱི་ཉེས་གསོག་རིགས་བཀག་འགོག་ནུས་ལྡན་བྱས།
སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་སྔོན་འགོག་དང་སེལ་གང་ཐུབ་བྱས་པ།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས“ཉིན་བདུན་ནང་ལས་རིམ་རང་བཞིན་གྱི་ལན་འདེབས་པ་དང་ཟླ་གསུམ་གྱི་ནང་བརྒྱུད་རིམ་དང་མཇུག་འབྲས་ལན་སྤྲོད”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་མ་ཟད།མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་ཁག ༣༢ དང་མི་ཐེངས ༣༨ ལ་བདག་སྤྲོད་ནན་ཏན་བྱས།དངོས་སུ་དོགས་ནད་སེལ་བ། འགལ་ཟླ་དང་རྩོད་གཞི་ཁག ༣༢ འདུམ་གཅོད་བྱས་ཡོད། མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་ཚང་མར་ལན་ཡོད་པ་དང་བྱ་བ་ཚང་མར་འབྲས་བུ་ཡོད་པ་ཏན་ཏིག་བྱས་པ་རེད། དཔང་ཉན་ཡོངས་བསྒྲགས་ཧུར་ཐག་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།སྲིད་གྲོས་ཨུ་ཡོན།མི་དམངས་ལྟ་སྐུལ་བ།ཁྲིམས་རྩོད་པ།ཆེད་ལས་མི་སྣ་བཅས་གདན་དྲངས་ནས་མཉམ་དུ་ཐེངས ༡༠ ལྷག་ཙམ་སྤེལ་ཡོད།
སྐྱེ་བོ་ལོ་ན་མ་སོན་པར་ཁྲིམས་འཛིན་ཐོག་ནས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། ལོ་ན་མ་སོན་པའི་སྐྱེ་བོའི་ཁེ་དབང་ལ་གནོད་འཚེ་བཏང་བའི་ཉེས་གསོག་རིགས་ལ་བཅའ་ཁྲིམས་ལྟར་རྡུང་རྡེག་ནན་པོ་མགྱོགས་སུ་བཏང་བ་དང་།གྱོད་གཞི ༥ དང་མི ༧ འཛིན་བཟུང་ཆོག་མཆན་བཀོད་ཅིང་།གྱོད་གཞི ༨ དང་མི ༨ ལ་གཞུང་ཕྱོགས་ནས་ཞུ་སྦྱོར་བྱས་ཡོད། “སློབ་གསོ་དང་།སྐྱོབ་ཐབས།བློ་འགུག”བཅས་ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་ནས་ལོ་ན་མ་སོན་པའི་སྐྱེ་བོས་ཉེས་གསོག་གྱོད་གཞི ༡ དང་མི ༡ ལ་ཁྲིམས་ལྟར་ཁྲིམས་སྦྱོར་མི་བྱ་རྒྱུའི་ཐག་གཅོད་བྱས་ཡོད། ལོ་ན་མ་སོན་པའི་ཉེས་བསགས་དོགས་ཡོད་ཉེས་ཅན་གྱི་གཏུག་བཤེར་ཁེ་དབང་འགན་སྲུང་གང་ལེགས་བྱས་ཏེ།རང་འགུལ་ངང་ལོ་ན་མ་སོན་པའི་ཉེས་བསགས་དོགས་ཡོད་ཉེས་ཅན་ལ་བཅའ་ཁྲིམས་རོགས་སྐྱོར་དང་།སེམས་ཁམས་ཟུར་ཁྲིད་མི ༡༢ ཙམ་ལ་རེ་ཞུས་ཡོད། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་མི ༥ བསྒྲུབས་པ་དང་རོགས་སྐྱོབ་དངུལ་སྒོར་ཁྲི ༥.༧སྤྲད་པ་རེད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི“ཞིབ་དཔྱོད་བསམ་འཆར་དང་པོ”ཁྱོན་ཡོངས་ནས་དོན་འཁྱོལ་བྱས།《རྔ་བ་རྫོང་གི་སྐྱེ་བོ་ལོ་ན་མ་སོན་པའི་ཞིབ་དཔྱོད་ལས་དོན་གྱི་རྒྱབ་ཤ་དཀར་པོའི་དེབ》བཟོ་འགྲེམ། སྤྱི་བདེ།སློབ་གསོའི་ཅུའུ་དང་མཉམ་དུ《རྔ་བ་རྫོང་གི་དགེ་རྒན་དང་ལས་བཟོ་བའི་ལས་ཞུགས་འདྲི་རྩད་ལས་དོན་གྱི་གནས་སྐབས་ལག་བསྟར་བྱ་ཐབས(ཚོད་བསྟར)》ལ་མིང་རྟགས་བཀོད། དགེ་རྒན་དང་ལས་བཟོ་ལས་གནས་སུ་ཞུགས་སྐབས་མི་ཐེངས ༡༦༠༠ ལྷག་ཙམ་ལ་འདྲི་རྩད་བྱ་རྒྱུར་སྐུལ་འདེད་བཏང་བ་དང་།སྐལ་བཟང་མེ་ཏོག་གི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་གྱོད་སྒྲུབ་ཁུལ་བཙུགས་པར་མ་ཟད།ཞིབ་བཤེར་དཔོན་པོའི་སློབ་གྲྭ་འབྲིང་རིམ་དང་ཆུང་རིམ ༦ གི་ཁྲིམས་སྐྱོང་སློབ་གཙོ་གཞོན་པའི་འགན་འཁུར་བ།སློབ་གྲྭར་ཁྲིམས་སྐྱེལ་དང་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོར་སོགས་ཀྱི་བྱེད་སྒོ་ཐེངས ༧༠ ལྷག་ཙམ་སྤེལ་ནས་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བརྟན་དུ་བཏང་ཡོད།
དམངས་ལ་ཞབས་འདེགས་ཞུ་བའི་ལས་དོན་དངོས་དོན་འཁྱོལ་ལེགས་པོ་བྱས་པ། ཞིབ་དཔྱོད་ལྟ་སྐུལ་གྱི་འགན་ནུས་ལ་གཞི་ཚུགས་པ་དང་།དམངས་ལ་སྟབས་བདེ།ཁེ་ཕན་སྤྲོད་པའི་བྱེད་ཐབས་ལ་སྐུལ་སྤེལ་ཏན་ཏིག་བཏང་ཞིང་།ཞིབ་དཔྱོད་ཞབས་ཞུ་ལྟེ་གནས༡༢༣༠༩།དངོས་གཞིའི་ཚོམས་ཆེན་དང་དྲ་སྦྲེལ་ལས་སྟེགས་ཞབས་ཞུའི་སྐར་ཁུང་སོགས་བརྒྱུད་དེ།གྱོད་གཞིའི་དོ་བདག་ལ་གྱོད་གཞིའི་འདྲི་རྩད་དང་།ཆ་འཕྲིན་ཡོངས་བསྒྲགས།ཡིག་སྐུར་ངོ་བཅར་སྣེ་ལེན།ཞུ་གཏུག་དང་གསལ་བྱེད།ཁྲིམས་རྩོད་པས་ཡིག་ཆ་ལྟ་ཀློག་སོགས་དམངས་ཕན་ཞབས་ཞུ་འདོན་སྤྲོད་བྱེད་པ།སྔ་ཕྱི་སྡེབ་རྩིས་བརྒྱབ་ན་དོ་བདག་ལ་གྱོད་གཞི་འདྲི་རྩད་མི་ཐེངས ༦༢ འདོན་སྤྲོད་བྱས་ཡོད་པ་དང་།ཁྲིམས་རྩོད་པས་ཡིག་ཆ་ལྟ་ཀློག་བྱེད་པའི་མི་ཐེངས ༤༦ འདོན་སྤྲོད་བྱས་ཡོད། ཁྲིམས་འཛིན་རོགས་འདེགས་ཀྱི་གྱོད་གཞི ༡༣ བསྒྲུབས་པ།ཁྲིམས་འཛིན་གྱི་རོགས་རམ་དངུལ་སྒོར་ཁྲི ༡༨.༩སྤྲད་ཡོད།
གསུམ། ལས་ལ་བརྩོན་ཞིང་ཁྲིམས་སྐྱོང་དར་སྤེལ་བཏང་སྟེ་ཞིབ་དཔྱོད་ལྟ་སྐུལ་ནན་པོར་བརྟེན་ནས་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ཡོད།
ཉེས་དོན་ཞིབ་དཔྱོད་ལེགས་པོ་བྱས་ནས་བརྟན་པོའི་ཁྲོད་དུ་སྤུས་དག་ཡོང་ཐབས་བྱས་པ།ཉེས་དོན་གཏུག་བཤེར་བྱེད་སྒོར་ལྟ་སྐུལ་ཤུགས་ཆེ་རུ་བཏང་སྟེ།ཁྲིམས་འགལ་ཡོ་བསྲང་བྱེད་པའི་བརྡ་ཡིག ༨ བཏང་བ་དང་།གྱོད་དོན་ཐོ་འགོད་བྱ་དགོས་ཀྱང་ཐོ་འགོད་མ་བྱས་པས་ཁྲིམས་ལྟར་གྱོད་དོན་ཐོ་འགོད་བྱེད་པར་ལྟ་སྐུལ་གྱོད་གཞི ༩ ཐོ་འགོད་བྱས་ཀྱང་།ཁྲིམས་ལྟར་ཐོ་འགོད་ཕྱིར་འཐེན་བྱེད་པར་ལྟ་སྐུལ་བྱས་པའི་གྱོད་གཞི༢ ། འཛིན་བཟུང་བྱས་པ་དང་ཞུ་ལན་བཏབ་ཀྱང་སྐྱེལ་སྤྲོད་མ་བྱས་པའི་མི ༥ འཛིན་བཟུང་བྱས་པ་དང་།མི ༩ ཁྲིམས་སྦྱོར་བསྐྱར་སྣོན་བྱས་པ།མི ༩ ཁྲིམས་སྦྱོར་བདའ་འདེད་བཏང་བ།གྱོད་དོན ༤ ཡི་ངོ་བོ་བསྒྱུར་བ་བྱས་ཡོད། ཁྲིམས་ཆད་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་ཤུགས་ཆེ་རུ་བཏང་སྟེ།སྡེ་ཁུལ་ཡོ་བསྲང་བྱེད་རིང་གནས་པའི་དོ་དམ་ཆད་ལུས་ཀྱི་གནས་ཚུལ་ལ་དམིགས་ཏེ་ཁྲིམས་འགལ་ཡོ་བསྲང་བྱ་དགོས་པའི་བརྡ་ཐོ ༣ བཏང་བ་དང་།ཞིབ་དཔྱོད་བསམ་འཆར ༡༣ བཏོན་ཡོད། ཉེས་དོན་ཁྲིམས་གཅོད་ཀྱི་གྱོད་གཞིའི་རྒྱུ་ནོར་ཉེས་དོན་གྱི་ཁྲིམས་ཆད་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་དཔྱོད་ལྟ་སྐུལ་ཐེངས་10སྤེལ་ཡོད། གུ་ཡངས་དང་དྲག་གཅུན་ཟུང་དུ་འབྲེལ་བའི་ཉེས་དོན་ཁྲིམས་འཛིན་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ནས་འཛིན་བཟུང་ཉུང་ལ་ཞུ་གཏུག་ནན་པོར་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ཉེས་པ་དང་ཆད་གཅོད་ངོས་ལེན་བྱས་པར་གུ་ཡངས་གཏོང་བའི་ལམ་ལུགས་དོན་འཁྱོལ་བྱས་ཏེ།ཁྲིམས་འགལ་གྱི་དཔང་རྟགས་ཕྱིར་འབུད་བྱེད་པའི་སྒྲིག་སྲོལ་ལག་བསྟར་ནན་པོ་བྱས་པ།ཁྲིམས་འགལ་གྱི་དཔང་རྟགས ༢༠ ལྷག་ཙམ་ཕྱིར་འབུད་བྱས་པ།གྱོད་གཞི་ལ་ཉེས་པ་ཡོད་པའི་ཁྲིམས་གཅོད་ཚད ༡༠༠%ཟིན་པ། འདྲི་གཅོད་དང་པོར་ཁེས་ལེན་ཚད ༩༧.༡༦%ཟིན་ཡོད།
དམངས་དོན་སྲིད་འཛིན་སྟོབས་ཆེར་བཏང་ནས་ཞིབ་དཔྱོད་བརྟན་པོའི་ཁྲོད་ནས་སྤུས་ཚད་མཐོ་རུ་གཏོང་བ། དམངས་དོན་སྲིད་འཛིན་གཏུག་བཤེར་གྱི་བཅའ་ཁྲིམས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། ལོ་ལྔའི་རིང་ཁྱོན་བསྡོམས་དམངས་དོན་སྲིད་འཛིན་ལྟ་སྐུལ་གྱི་གྱོད་གཞི ༢༦ ཞིབ་གཅོད་བྱས་པ་དང་།ཞིབ་དཔྱོད་བསམ་འཆར ༢༡ བཏོན་ཡོད།དེའི་ནང་དམངས་དོན་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་གྱི་གྱོད་གཞི ༦ དང་།དམངས་དོན་འདྲི་གཅོད་གོ་རིམ་ལ་ལྟ་སྐུལ་གྱི་གྱོད་གཞི ༡༠ ། སྲིད་འཛིན་འདྲི་གཅོད་གོ་རིམ་ཁྲིམས་དང་འགལ་བའི་གྱོད་གཞི ༡ ལ་ལྟ་སྐུལ། སྲིད་འཛིན་ཞུ་གཏུག་མི་བྱེད་པའི་གྱོད་གཞི ༡ ལྟ་སྐུལ་བྱེད་ཡོད། དོན་དངོས་རང་བཞིན་གྱི་སྲིད་འཛིན་གྱི་རྩོད་གཞི ༢ ཐག་གཅོད་བྱས་པ། སྲིད་འཛིན་ལས་ཁུངས་ཀྱི་གྱོད་གཞི ༡ ལག་བསྟར་བྱེད་པར་ལྟ་སྐུལ་དང་།ཞིང་པས་གླ་ཕོགས་ཞུ་གཏུག་རྒྱག་པར་རྒྱབ་སྐྱོར་བྱེད་པའི་གྱོད་གཞི ༥ བཅས་བྱས་ཡོད། “སྲིད་འཛིན་དང་ཉེས་ཁྲིམས་འབྲེལ་མཐུད”ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་ལྟར་སྲིད་འཛིན་དང་དྲང་གཞག་ཁྲིམས་འཛིན་ལ་སྐུལ་འདེད་ནུས་ལྡན་བཏང་ནས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱིའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་ཡོད།
སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལས་དོན་ཡག་པོ་བསྒྲུབས་ནས་བརྟན་པོའི་ཁྲོད་དུ་ལེགས་སྐྲུན་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་ཐོན་ཁུངས་སྲུང་སྐྱོང་།ཟས་རིགས་དང་སྨན་རྫས་ཉེན་མེད།རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་སྲུང་སྐྱོང་།རྒྱལ་ཁབ་ལ་དབང་བའི་ས་ཆ་སྤྱོད་དབང་ནང་བཤུག་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས།“རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་སྲུང་སྐྱེལ”དང་།“ལག་གདང་སྦྲེལ་ནས་གཙང་བཤེར་བཞི་དང་།མ་ཡུམ་གཙང་པོ་སྲུང་སྐྱོང་།”“ལྕེ་ཐོག་གི་བདེ་འཇགས།”“ཞིབ་དཔྱོད་བསམ་འཆར་བཞི་པ་དོན་འཁྱོལ”སོགས་ཀྱི་ཆེད་དོན་ལྟ་སྐུལ་བྱ་སྤྱོད་ཧུར་ཐག་སྤེལ་ཡོད། ལོ་ལྔའི་རིང་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི ༥༨ ཞིབ་གཅོད་བྱས་པ་དང་།ཞུ་གཏུག་མ་བྱས་གོང་ཞིབ་དཔྱོད་བསམ་འཆར ༤༩ བཏོན་ཡོད།ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི ༩ བཏོན་པ། སྤྱི་ཕན་གཏུག་བཤེར་ལ་ཞིབ་དཔྱོད་ལྟ་སྐུལ་བྱས་པ་བརྒྱུད་ནས་སྲིད་འཛིན་ལས་ཁུངས་ཀྱི་ས་ཞིང་ནང་བཤུག་དངུལ་སྒོར་ཁྲི ༡༡༦༣.༢༧བསྡུ་ལེན་བྱེད་པར་སྐུལ་འདེད་བཏང་ཡོད། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཟས་རིགས་དང་ཁྲོན་ཁེབས་བདེ་འཇགས་ཀྱི་གནད་དོན་ལ་དམིགས་ནས།ཞིབ་དཔྱོད་བསམ་འཆར ༩ བཏོན་ཏེ།མི་དམངས་མང་ཚོགས་ཀྱི་“ལྕེ་ཐོག་”དང་“རྐང་འོག་”གི་བདེ་འཇགས་སྲུང་སྐྱོང་བྱས་ཡོད། གཉན་པོ་གཡུ་རྩེའི་མཛེས་ལྗོངས་ཁུལ་དང་མན་ཊལ་ཐང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འབྲེལ་གཏུག་ས་ཚིགས་བཙུགས་ནས།མཛོད་དགེའི་བརླན་ས་དོ་དམ་ཅུས་དང་མཉམ་དུ་རྨ་ཆུའི་འབབ་རྒྱུད་སྲུང་སྐྱོང་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་བཙུགས་པ་དང་འབྲེལ་ཡུག་སྦྲེལ་ཁུལ་གྱི་རྫོང་ལྔའི་བགྲོ་གླེང་ཚོགས་འདུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་ནས་ས་མཐོའི་སྐྱེ་ཁམས་འདམ་རའི་ཁོར་ཡུག་སྲུང་སྐྱོང་ལ་བཀོད་སྒྲིག་ལེགས་པོ་བྱས་པ་རེད།
བཞི། འགན་འཁྲི་ཕྲག་ཏུ་འཁུར་བ་དང་།གསར་གཏོད་ཏན་ཏིག་བྱས་ཏེ།ཞིབ་དཔྱོད་ཀྱི་ལག་ལེན་བརྟན་པོ་བྱེད་པར་བརྟེན་ནས་ཁྲིམས་འཛིན་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ།
ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ། ཞིབ་དཔྱོད་མི་སྣ་རིགས་འབྱེད་དོ་དམ་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ།ཞིབ་དཔྱོད་དཔོན་པོ་གྱིས་གཙོ་བོ་བྱེད་པའི་མི་ཤུགས་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་བཙུགས་ནས་མི་གྲངས་གཏན་འཁེལ་བྱས་པའི་ཞིབ་དཔྱོད་དཔོན་པོ ༧ གདམ་གསེས་བྱས་པ་དང་། མི་གྲངས་གཏན་འཁེལ་བྱས་པའི་ཞིབ་དཔྱོད་དཔོན་པོ ༡༢ དང་།ཁྲིམས་འཛིན་སྲིད་འཛིན་ལས་མི ༤ དང་། ཁྲིམས་འཛིན་ཉེན་རྟོག་པ ༢ བཅས་གཏན་འཁེལ་བྱས་པས།གྱོད་ཞིབ་སྟོབས་ཤུགས་འཐབ་ས་དང་པོར་ཕྱོགས་པ ༩༢.༦%ཟིན་ཡོད། འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་དཀའ་གནད་དང་རྙོག་འཛིང་ཆེ་བའི་གྱོད་གཞི་ལོ་ལྔའི་ནང༧༡ཐག་གཅོད་བྱས་ཡོད། གྱོད་གཞི་སྒྲུབ་གཉེར་གྱི་སྤུས་ཚད་ཚེ་གང་རིང་འགན་འཁྲིའི་ལམ་ལུགས་དང་གྱོད་གཞི་ནོར་འཁྲུལ་ཅན་གྱི་འགན་འཁྲི་བདའ་འདེད་ལམ་ལུགས་བཙུགས་པས།གྱོད་གཞི་སྒྲུབ་གཉེར་གྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་ནུས་ལྡན་བྱུང་བ།ཁྲིམས་འཛིན་བསྒྱུར་བཅོས་ཀྱི་ཕན་འབྲས་རིམ་བཞིན་མངོན་གསལ་བྱུང་ཞིང་།མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་ཐོབ་སྣང་མངོན་གསལ་ཇེ་ཆེར་སོང་ཡོད།
ལེ་ལག་ཚང་བའི་ལམ་སྲོལ་སྒྱུར་བཅོས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཁྲིམས་སའི་འདྲི་གཅོད་ཀྱི་ངོ་བོ་བསྒྱུར་བཅོས་ལ་སྐུལ་སྤེལ་ཧུར་ཐག་བཏང་བ་དང་།དག་འབུད་བྱེད་མཁན་གྱི་བསམ་འཆར་ཐེངས ༡༩ ཉན་འཇོག་བྱས་པ།མྱུལ་ཞིབ་མི་སྣ་དང་དཔང་མི་ཁྲིམས་རར་ཞུགས་རྒྱུའི་རེ་ཞུ་ཐེངས ༡༠ ལྷག་ཙམ་བྱས་ཡོད། ནང་བཙུགས་སྒྲིག་གཞིའི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་དེ་སྔའི་ཁོངས་གཏོགས་ཀྱི་སྡེ་ཚན་ ༡༣ གྱིས་འགན་ནུས་ལ་གཞིགས་ནས་སྡེ་ཚན ༥ ལ་བསྡུ་སྒྲིལ་བྱས་པས་འགན་ནུས་དེ་བས་ཁ་གསལ་བྱུང་ཡོད། གྱོད་གཞིའི་སྤུས་ཚད་ཀྱི་ལྟེ་བའི་དམིགས་ཚད་མ་ལག་བཟོས་ནས་ཞིབ་དཔྱོད་དཔོན་པོའི་ལས་ཀའི་གྲུབ་འབྲས་དཔྱད་བསྡུར་བྱ་རྒྱུ་ཁྱོན་ཡོངས་ནས་སྤེལ་བ། “གྱོད་གཞིའི་བསྡུར་ཚད”།ཉེས་པ་དང་ཆད་གཅོད་ངོས་ལེན་བྱས་པར་གུ་ཡངས་གཏོང་བའི་ལམ་ལུགས་ལ་སྐུལ་འདེད་ཧུར་ཐག་བཏང་བ།ཞིབ་དཔྱོད་ལྷུ་ཚིགས་ཀྱི་གྱོད་གཞི་སྒྲུབ་གཉེར་གྱི་དུས་འཁོར་དུས་མཚུངས་ལས་ཉིན ༡༥ ཐུང་དུ་ཕྱིན་པ་མ་ཟད།མང་ཚོགས་ཀྱི་ཁྲིམས་འཛིན་རེ་ཞུ་ཡང་མངོན་འགྱུར་མགྱོགས་པོ་བྱུང་ཡོད།
ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པར་གཞོགས་འདེགས་ཧུར་ཐག་བྱས་པ། ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ཆེན་པོ་བཅངས་ནས་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པར་བརྩི་བཀུར་དང་གཞོགས་འདེགས་གང་ཐུབ་བྱས་ཏེ།ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་ལས་འགན་ཁྲོད་ཞིབ་དཔྱོད་ལྷུ་ཚིགས་ཀྱི་ལས་ཀ་ཁག་རང་རྟོགས་ཀྱིས་ལེགས་པོར་བསྒྲུབས་པ།སྲིད་ཁྲིམས་སྒྲིག་ཁོངས་གཞན་སྒྱུར་མི ༧ དང་ཞིབ་དཔྱོད་ལས་མི ༤ ། གྱོད་གཞིའི་ཁུངས་སྣེ་བརྒྱུད་སྤྲོད་བདེ་བླག་ངང་ལེགས་སྒྲུབ་དང་བརྟན་པོའི་ངང་བར་བརྒལ་ཐུབ་པར་བྱས། སྲིད་ཇུས་ཀྱི་བླང་བྱ་ལྟར་ལྟ་ཞིབ་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་ལམ་སྲོལ་ལ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནས།རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤྱིའི་བཀོད་སྒྲིག་ལ་དམིགས་ཏེ་ཞིབ་དཔྱོད་ལས་ཁུངས་ཀྱི་འགན་ནུས་མུ་མཐུད་འདོན་ཡག་པོ་བྱས་ཡོད་པ་རེད།
ལྔ་བ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་འོག་ཞིབ་དཔྱོད་ནན་པོ་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་ལ་བློ་དཀར་ནས་གཏོར་མི་ཐུབ་པའི་ཞིབ་དཔྱོད་ཀྱི་དཔུང་ཁག་བསྐྲུན་དགོས།
ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས། དུས་དང་རྣམ་པ་ཀུན་དུ་ཞི་ཅིན་ཕེང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གཞིར་བཟུང་ནས་ “འདུ་ཤེས་བཞི”གཙན་ཏུ་གཏོང་དང་“གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྲུང་སྐྱོབ་ཐུབ་རྗེས། དེ་དག་ཞིབ་དཔྱོད་ཀྱི་འགན་འཁྲིར་མཉམ་བསྲེས་བྱས་ནས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་བྱེད་པའི་ནུས་པ་བཅས་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་དགོས། དོན་དག་གལ་ཆེན་གོང་རིམ་ལ་བཀའ་ཞུ་དང་ཡར་ཞུ་བྱེད་པའི་ལུགས་དེ་དོན་འཁྱོལ་ནན་པོ་བྱས་ཏེ་ཏང་གི་འགོ་ཁྲིད་ནི་ཞིབ་དཔྱོད་ལས་དོན་གྱི་ལས་དོན་ཧྲིལ་བོ་དང་ཕྱོགས་ཡོངས་ལ་ཁྱབ་པ་འགན་ལེན་བྱེད་དགོས། གཞུང་ལུགས་ཀྱིས་མཚོན་ཆས་སྤྲོས་ཤིང་དྲིལ་བསྒྲགས་རྒྱུན་མི་ཆད་པར་ཤུགས་ཆེར་བཏང་ནས་སོ་སོའི་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གཙོ་བོ་བརྟན་པོ་སྲུང་དགོས། སྲིད་ཁྲིམས་དཔུང་ཁག་ལ་སློབ་གསོ་དག་ཐེར་གཏིང་ཟབ་བྱས་ཏེ“ཉམས་སད་ཐེག་ཐུབ་པ་ལྔའི”དགོས་འདུན་དམ་པོར་དམིགས་ཤིང་སྤྱོད་ཚུལ་ནན་པོ་དང་རང་ངོས་གསར་བརྗེ་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས“གཅོང་ནད་ཆེན་པོ་དྲུག”གི་གནད་དོན་༨་གྲལ་བཤེར་དང་བཅོས་སྒྲིག་བྱས། ལམ་ལུགས་ཁག་༢༧་བཟོ་བཅོས་དང་འཐུས་ཚང་དུ་བཏང་བས་ཞིབ་དཔྱོད་དཔུང་ཁག་གི་ཆབ་སྲིད་ཀྱི་ལྷག་བསམ་སྔར་བས་བརྟན་དུ་ཕྱིན་ཡོད།
དཔུང་ཁག་གི་ཕྱོགས་བསྡུས་ནུས་པ་ཧུར་ཐག་གིས་ཆེ་རུ་བཏང་བ། “གཉིས་སྦྱོང་གཅིག་སྒྲུབ” “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་སོགས་སྤེལ། “ཀུན་སྤྱོད་འཆད་ཁྲིད་ཚན་པ”དང“ན་གཞོན་ཞིབ་དཔྱོད་པའི་ཆད་ཁྲིད་ཚན་པ” “ཞིབ་དཔྱོད་མཚན་མོའི་སློབ་གྲྭ” “ཆབ་སྲིད་རེས་སྐོར་གསོ་སྦྱོང”རྒྱུན་རྣམ་ཅན་དུ་བསྒྱུར་ནས་སློབ་སྦྱོང་སློབ་གསོ་སྤེལ། “ཞིབ་དཔྱོད་ལན་འདེབས་དྲ་བ”དང“སློབ་སྦྱོང་ལ་བརྟེན་ནས་རྒྱབ་ཁབ་སྟོབས་ཆེར་གཏོང་བ”བཅས་གང་ལེགས་སྤྱད་དེ་ཐབས་མང་པོ་དང་ལམ་མི་ཉུང་བའི་སྒོ་ནས་ཐེངས ༢༡༠ ལ་རིགས་ཁག་གི་གསོ་སྦྱོང་དང་ལས་སྒོའི་འགྲན་བསྡུར་ལ་ཞུགས་པས་ལས་མི་རྣམ་པའི་སློབ་སྦྱོང་དང་ལག་བསྟར་གོ་རྟོགས་ཀྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད། ཞིབ་དཔྱོད་ཀྱི་ཆ་འཕྲིན་དང་བརྟག་ཞིབ་རིམ་པ་ཁག་གི་སྤྱན་སྦྱོར་ཚན་པས ༥༢༠ ལྷག་ཙམ་པར་འགྲེམས་བྱས་ནས་ཆ་འཕྲིན་དང་བརྟག་ཞིབ་ཀྱི་ཆུ་ཚད་མཐོ་རུ་བཏང་།
ཞིབ་དཔྱོད་ལས་དོན་གྱི་འགན་སྲུང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ། ཁྱད་ཆོས་བརྒྱད་ལྡན་གྱི་འཛུགས་སྐྲུན་དགོས་འདུན་གཞིར་བཟུང་སྟེ། “འགན་སྲུང་དམ་འཛིན་དང་ལྟེ་གནས་འགན་སྲུང་། འཕེལ་རྒྱུས་ལ་སྐུལ་འདེད”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས། གཞུང་དོན་དང་ལས་སྒོའི་འགྲོ་གྲོན་སྔོན་རྩིས་ལུགས་མཐུན་ངང་བེད་སྤྱོད་ནུས་ལྡན་བྱེད་ཤུགས་ཆེ་རུ་བཏང་པས་ཚན་རྩལ་ལ་བརྟེན་ནས་ཞིབ་དཔྱོད་སྟོབས་ལྡན་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ཡོད། སྒོར་ཁྲི ༧༠ ལྷག་ཙམ་བཀོལ་ནས་ཞིབ་དཔྱོད་ལས་སྒོའི་སྒྲིག་ཆས(དེའི་ནང་སྤྱི་ཕན་གཏུག་བཤེར་བརྟག་དཔྱད་སྒྲིག་ཆས་སྒོར་ཁྲི ༡༢ )ཉོ་སྒྲུབ་བྱས། བློ་བདེ་བག་ཕེབས་ཀྱི་ལས་ཀའི་ཁོར་ཡུག་བསྐྲུན་པར་མ་དངུལ་སྒོར་ཁྲི ༣༠ ལྷག་ཙམ་བཏང་སྟེ་གཞུང་ལས་ཐོག་བརྩེགས་ཁང་ཆེན་ཉམས་གསོ་བྱས་པ་དང་། ལས་བཟོའི་ཁྱིམ་ཚང་བསྐྲུན། གྲངས་གཞི་ཅན་གྱི་གྱོད་སྒྲུབ་ཆུ་ཚད་མགྱོགས་སུ་གཏོང་པར་སྒོར་ཁྲི ༥༠ ལྷག་ཙམ་སྤྱད་དེ་ཞིབ་དཔྱོད་ཀྱི་དྲ་གསུམ་སྒྱུར་བཀོད་ལེགས་སྒྲུབ་དང་ལྟ་སྲུང་ཁང་གི་དྭངས་གསལ་ལྟ་སྐུལ་ཚོད་འཛིན་ཁག་བགོས་ནས་གསོག་ཉར། གཙོ་ཆེའི་དྲ་ཚིགས་པར་གཞི་བཟོ་བཅོས་རིམ་སྤོར་བྱས། རིག་གནས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཆེད་དངུལ་སྒོར་ཁྲི ༨༠ ལྷག་ཙམ་བཏང་ནས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ་དང་ཁྲིམས་སྐྱོང་དང་། སྤྱོད་གཙང་། བོད་ཀྱི་རིག་གནས་བཅས་གཞི་གཅིག་ཏུ་འདུས་པའི་མཐོ་གངས་ཀྱི་ཞིབ་དཔྱོད་རིག་གནས་ནུས་ཤུགས་ཀྱིས་ལས་མི་རྣམ་པས་མཐོ་སྒང་དུ་བློས་གཏོང་བ་དང་ཕུལ་བྱུང་བརྩོན་ལེན། གསར་འབྱེད་གསར་གཏོད་དང་དངོས་གཉེར་ཡར་བརྩོན་བཅས་བྱེད་དགོས།
ཞིབ་དཔྱོད་ནན་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱོད་གཙང་གི་གཤིས་རྒྱུད་བརྟན་དུ་བཏང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འོས་འགན་ལྷུར་ལེན་བྱས་ནས་སྲིད་དོན་གཙང་སྐྱོང་གི་ཏང་སྲོལ་འཛུགས་སྐྲུན་ཀྱི་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད། ལས་གནས་གཅིག་ལ་འགན་འཁྲི་གཉིས་ཀྱི་འགན་འཁྲིའི་ཡི་གེ་དང་སྤྱོད་གཙང་ཞིབ་བཤེར་གྱི་ཁས་ལེན་ཡི་གེ ༣༠༠ ལྷག་ཡོད། སྒྲིག་ཁྲིམས་དང་སྤྱོད་ཚུལ་དག་ཐེར་གཏིང་ཟབ་བྱེད་པ་དང་ཉེན་ཟོན་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྐོར་གཟིགས་སྐོར་ཞིབ་ཀྱི་ཚུར་ལན་གནད་དོན་ཁྱོན་ཡོངས་ནས་བརྒྱུད་རིམ་ལྡན་པའི་ངང་དག་ཐེར་བྱས་པ་དང་།“ཨ་མའི་ནང་སྐོར”གྱི་གྱོད་གཞི། ངོ་སོའི་གྱོད་གཞི། རྒྱུ་དངུལ་གྱི་གྱོད་གཞི་བཅས་མཐའ་གཅིག་ཏུ་སྔོན་འགོག་བྱས། ཁྲིམས་འཛིན་ལ་ཐེ་གཏོགས་བྱེད་རིགས་སྔོན་འགོག་བྱ་རྒྱའི“གཏན་འབེབས་གསུམ”དང་ལག་བསྟར་བྱེད་ཐབས་དོན་འཁྱོལ་གཏིང་ཟབ་བྱས་ནས་《“གཏན་འབེབས་གསུམ”སོགས་དོན་དག་གལ་ཆེན་ཐོ་འགོད་སྙན་ཞུའི་ལམ་ལུགས་སྔར་ལས་ལྷག་པར་དོན་འཁྱོལ་བྱ་དགོས》 ཞེས་པ་གཏན་འབེབས་བྱས། “གཏན་འབེབས་གསུམ”དང་འགལ་བའི་དོན་དག་ངོ་གྲངས ༢༡ དང་མི ༢༡ ཐོ་འགོད་སྙན་སེང་ཞུས་ཡོད། “གྱོད་གཞི་མང་པོར་ལ་དཔྱད་ཞིབ་ནན་མོ” ཧུར་ཐག་གིས་སྤེལ་བ་དང་རང་འགུལ་ངང་ཁྲིམས་འཛིན་ལྟ་སྐུལ་དང་ལེན་བྱེད། གྱོད་གཞིའི་སྤུས་ཚད་ལ་དཔྱད་བསྡུར། ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འཛིན་གྱི་འགན་འཁྲི་བདའ་འདེད་དོན་འཁྱོལ་བྱས། ལོ ༥ ཡི་རིང་ངེད་ཞིབ་དཔྱོད་ཁང་གི་ལས་མི་རྣམ་པར་ཁྲིམས་འགལ་སྒྲིལ་འགལ་གྱི་གནས་ཚུལ་ཐོན་མེད།
དྲུག་པ། དགོས་མཁོ་ལྟར་བྱ་བ་སྒྲུབ་པ་དང་དྲག་ཞན་ཁ་གསབ་བྱས་ཏེ་ངོ་ཚ་ཤེས་ནས་སྤོབས་པ་བསྐྱེད་པའི་ཆོད་སེམས་ལ་བརྟེན་ནས་"ཉམས་ཞན་ཞིབ་དཔྱོད་ཁང"ལས་བྲལ་ནས་སྔོན་ཐོན་བརྩོན་ལེན་བྱས།
ཧུར་བརྩོན་རྒྱལ་སྐྱོང་དང་དཔའ་ངར་ཆེ་རུ་བཏང་ནས་ཞིབ་དཔྱོད་ལས་སྒོའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་གང་ཐུབ་བྱས། ད་ལོའི་ལོ་འགོར་རྔ་བ་རྫོང་ཞིབ་དཔྱོད་ཁང་དེ་རྒྱལ་ཡོངས་ཀྱི་ཉམས་ཞན་གཞི་རིམ་ཞིབ་དཔྱོད་ཁང ༡༢༩ ཡི་གྲས་སུ་བཅུག རྫོང་ཨུ་དང་ཞིང་ཆེན།ཁུལ་གྱི་ཞིབ་དཔྱོད་ཁང་གི་ཐུགས་ཁུར་དང་རོགས་རམ་འོག་ངེད་ཞིབ་དཔྱོད་ཁང་གིས་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་རང་སྐྱོན་རང་བརྟག་བྱས་ཏེ"ལོ་གཅིག་གི་རིང་ལ་ཉམས་ཞན་ལས་ཕྱིར་འབུད་དང་ལོ་གཉིས་རིང་ལ་སྔོན་ཐོན་ཅན་བརྩོན་ལེན་བྱེད་རྒྱུའི"དམིགས་ཚད་གཙོ་བོར་བཟུང་ནས་གནད་དོན་ལ་ཐད་ཀར་ཕྱོགས་པ་དང་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ཏེ་གནད་དོན་གྱི་འགག་རྩ་བཙལ་བ་དང་ཞན་ཆ་གཅིག་བསྡུས་བྱས་ཏེ།གནད་དོན་ཕྱོགས་བསྡུས་ཀྱིས་གནང་ངོས་སུ་འགལ་བ།དམིགས་ཚད་རི་མོར་བཀོད་ནས་འཆར་གཞི་ལྡན་པའི་བྱ་བ་སྒྲུབ་པ།"དར་ཆ་དམར་ནག་སེར་གསུམ"སྦྱོར་བ་དང་།ལས་ཡུན་ལྡོག་སྒྲིག ལས་འགན་མིའི་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་དུས་བཀག་ལྟར་དཔེ་དབྱིབས་ལེགས་འགྲུབ་དང་། ཡག་ཐོག་ཡག་བརྩེགས་དང་རྩེར་སོན་ལ་་བརྩོན་ལེན་བྱེད་པའི་ལས་ཀའི་བླང་བྱར་བརྟེན་ནས"གཟའ་འཁོར་རེ་ལ་སྤྱི་སྡོམ་རེ་དང་། ཟླ་རེར་དབྱེ་ཞིབ་རེ་བྱེད་པའི"ལམ་ལུགས་ལག་བསྟར་བྱས་ཏེ་དཀའ་བ་ཁྱད་གསོད་དང་མི་འདང་ས་ལ་ཁ་གས་བ་དང་མི་ལེགས་པ་ལ་བཅོས་བསྒྱུར་བྱེད་པའི་ལས་སྟངས་འདི་ལ་མཐོ་རིམ་ཞིབ་དཔྱོད་ཁང་གིས་ཚད་མཐོའི་གདེང་འཇོག་བྱས་ནས་རྒྱལ་ཡོངས་ལ་ཁྱབ་གདལ་བཏང་། ལོ་གཅིག་རིང་ཞིབ་དཔྱོད་ལས་སྒོ་ཁག་བྱ་འཕུར་བ་ལྟར་གོང་འཕེལ་ཏུ་ཕྱིན་ནས་ཁུལ་ཡོངས་ཀྱི་གྲུབ་འབྲས་དཔྱད་བསྡུར་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཡག་ཤོས་འཐོབ་ཡོད།
སྒྲིག་གཞི་ལེགས་འདེམས་ཀྱིས་རྩ་བ་བརྟན་དུ་བཏང་ནས་རྩ་འཛུགས་ཀྱི་རྨང་གཞིའི་འཛུགས་སྐྲུན་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་བ། ཚན་ཁག་བཀོད་སྒྲིག་ཆ་མི་ཚང་བ་དང་དཔུང་ཁག་གི་ལས་སྒོའི་ནུས་པ་བལྟོས་བཅས་ཀྱིས་ཞན་པའི་ད་ལྟའི་གནས་ཚུལ་ལ་དམིགས་ནས་འབྲིང་རིམ་ཞིབ་དཔྱོད་དཔོན་གཞོན་པ་གཅིག་ལེགས་འདེམས་བྱས་པ་དང་། འཇོན་ཐང་ཆེ་བའི་ན་གཞོན་ལས་བྱེད་པ་གཅིག་རང་ཞིབ་དཔྱོད་ཁང་གི་ཆབ་སྲིད་པུའི་ཀྲུའུ་རེན་གྱི་འགན་འཁུར་རྒྱུའི་གྲོལ་མོལ་བྱས་པ་དང་ན་གཞོན་ལས་བྱེད་པ ༥ པུའུ(ཁང)ཡི་ཀྲུའུ་རེན་གཞོན་པར་ལེགས་འདེམས་བྱས་ནས་འཆར་གཞི་ཡོད་པ་དང་གོ་རིམ་ཡོད་པའི་སྒོ་ནས་རྗེས་རབས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ་རེད། གདན་ཞུས་བཀོལ་སྤྱོད་ལམ་ལུགས་ཀྱི་དྲུང་ཡིག ༥ བསྡུས་པས་མི་སྣ་མི་འདང་བའི་གནད་དོན་དེ་ཐག་གིས་བཅད། དཔུང་ཁག་གི་སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལས་མི་རྣམ་པའི་ལས་སྒོའི་བྱང་ཚད་དང་ནུས་པའི་ཆུ་ཚད་མཐོ་རུ་བཏང་ཞིང་། ལམ་ལུགས་ལ་བརྟེན་ནས་ལས་མི་རྣམ་པའི་བྱ་སྤྱོད་ལ་གཅུན་སྡོམ་དང་ལས་ཀའི་ཕན་འབྲས་ལ་སྐུལ་འདེད་གཏོང་བ།"ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ""སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར"གྱི་གྲུབ་འབྲས་ལམ་ལུགས་སྲ་བརྟན་དུ་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ།་དམིགས་འབེན་ལས་འགན་དང་།་འགན་འཁྲི་དོན་འཁྱོལ།་ལས་ཞུགས་ཞིབ་བཤེར་དོ་དམ།་གུང་གསེང་དང་གནང་ཞུ།་དེ་མིན་ནོར་དོན་དོ་དམ་ཉེན་ཁའི་ཚོད་འཛིན་སོགས་ཀྱི་ལམ་ལུགས་དང་ལམ་སྲོལ ༢༡ བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས་གྲུབ་འབྲས་དཔྱད་བསྡུར་བཀོད་འདོམ་འོག་ལས་བརྩོན་ཅན་ལ་བྱ་དགའ་སྤྲོད་པ་དང་སྒྱིད་ལུག་ལ་ཆད་པ་གཅོད་པའི་དོ་དམ་མ་ལག་འཛུགས་པར་ཤུགས་བརྒྱག་ཡོད།
གནད་འཁེལ་སྒོས་མཚོན་རྟགས་གསར་གཏོད་དང་། ཁྱད་ལྡན་བཀྲག་མདངས་འཚེར་བའི་ཚོགས་པ་བསྐྲུན་པར་ཤུགས་སྣོན་་པ། ཉམས་ཞན་ལས་ཕྱིར་འབུད་པ་དེ་གསར་གཏོད་ཀྱི་རྩ་བའི་སྒུལ་ཤུགས་སུ་བརྩིས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་སྒོས་རྔ་བ་རྫོང་གི་དོན་དངོས་དང་འཚམ་པའི་ཞིབ་དཔྱོད་ཀྱི་སྤུས་རྟགས་གསར་པ་འཚོལ་ཞིབ་བྱེད་པར་ཧུར་ཐག་བྱས་ཏེ་ཁྱད་ཆོས་ལྡན་པའི་གྱོད་སྒྲུབ་ཚོགས་པ་གསུམ་བསྐྲུན་པ་རེད། རྔ་བ་རྫོང་ནི་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ཀྱི་ས་ཁོངས་སུ་གནས་པའི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་བྱེད་གནས་གལ་ཆེན་གྱི་ས་ཁོངས་ཀྱིས་དགེ་མཚན་ལ་བརྟེན་ནས་གནད་ལ་འཁེལ་བའི་སྒོ་ནས"ཁྲུང་ཁྲུང་བརླན་ས་ནས་འཕུར་བ· གནས་མཆོག"ཞེས་པའི་རྔ་བ་རྫོང་གི་སྤྱི་ཕན་གཏུག་བཤེར་མ་ལག་ཚོགས་པ་བསྐྲུན་རྒྱུར་ཤུགས་བསྣན་པ་དང་།འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཁྲིམས་སྐྱོང་སྣོད་བཅུད་སྲུང་ཡོལ་བརྟན་དུ་བཏང་ཡོད། "ལག་རྡང་སྦྲེལ་བ"ཞེས་པ་ལ་ཤུགས་སྣོན་དང་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱ་རྒྱུ་ལྟེ་བར་བྱས་ཏེ་སྐལ་བཟང་མེ་ཏོག—ཨ་ཅག་ལྷ་མོའི་བོད་རྒྱ་སྐད་གཉིས་ཀྱི་བུད་མེད་ནར་མ་སོན་པའི་མིའི་ཞིབ་དཔྱོད་ཁྲིམས་སྐྱོང་དྲིལ་བསྒྲགས་ཡན་ལག་ཚོགས་པ་བསྐྲུན་པ། འགན་འཁྲི་གཙོ་བོའི་ལས་རིགས་གཙོ་བོར་དམིགས་ནས"བོད་རྒྱ་སྐད་གཉིས་ཀྱི་ཞིབ་དཔྱོད་སྨྱན་སྦྱོར་གསར་པའི"ཚོགས་པ་བསྐྲུན་ནས་ཁྱད་ལྡན་གྱི་སྔོག་འདོན་གཏིང་ཟབ་བྱས་ཏེ་ཞིབ་དཔྱོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་ཞིབ་དཔྱོད་ཀྱི་སྐད་སྒྲ་ཡག་པོ་བརྒྱུད་སྤྲོད་བྱས་ཡོད།
བདུན་པ། རང་མགོ་རང་སྡོམ་གྱི་ཤུགས་ཆེ་རུ་གཏོང་བ་དང་གཞན་གྱི་ལྟ་སྐུལ་དང་ལེན་བྱས་ཏེ་རང་རྟོགས་ཀྱི་ཞིབ་དཔྱོད་ཁྱབ་བསྒྲགས་ལས་སྤྱི་ཚོགས་ཀྱི་ཡིད་ཆེས་ལོན་ཡོད།
རང་སྡོམ་གྱིས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཡོད། རང་འགུལ་གྱིས་མི་དམངས་འཐུས་ཚོགས་ལ་ལས་དོན་སྙན་སེང་ཐེངས ༩ ཞུས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གདན་དྲངས་ནས་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཐེངས ༩ དང་ཉེས་དོན་ཞིབ་དཔྱོད་སོགས་ལ་ཆེད་དོན་གྲོས་ཞིབ་ཐེངས ༤ དང་ལེན་བྱས་པ་ཡིན། མི་དམངས་འཐུས་མིའི་བསམ་འཆར་དང་གྲོས་འགོ ༡༤༠ ལྷག་མ་སྐུལ་དང་ལེན་བྱས་ནས་ཞིབ་དཔྱོད་ལས་དོན་ཇེ་ལེགས་སུ་ཇེ་བཟང་དུ་བཏང་པ་ནི་མི་དམངས་འཐུས་མིས་ཞིབ་དཔྱོད་ལས་དོན་ལ་བཅངས་པའི་རེ་སྒུག་གསར་པ་དང་བླང་བྱ་གསར་པར་ལན་སློག་པ་ཡིན།
དམངས་གཙོའི་ལྟ་སྐུལ་རྒྱ་ཁྱབ་ཏུ་དང་ལེན་བྱས། རང་འགུལ་ངང་སྲིད་གྲོས་ལས་དོན་བརྡ་ཁྱབ་ཐེངས ༩ བཏང་བ་དང་སྲིད་གྲོས་ཨུ་ཡོན། མི་དམངས་ལྟ་སྐུལ་པ། མང་ཚོགས་དང་ཁྲིམས་རྩོད་པ་བཅས་གདན་འདྲེན་བྱས་ནས་སྤྱི་པའི་ཁྲིམས་ར་འཚོགས་པའི་འདྲི་གཅོད་དང་ཡོངས་བསྒྲགས་སོགས་མི་ཐེངས ༦༠ ལྷག་ཙམ་ལ་ཞུགས། དུས་ལྟར་ཞིབ་དཔྱོད་སྒོ་འབྱེད་ཉིན་མོའི་བྱེད་སྒོ་ཐེངས ༡༠ ལྷག་ཙམ་སྤེལ་ནས་མི་དམངས་མང་ཚོགས་དང"བར་ཐག་མེད་པའི"ཞིབ་དཔྱོད་ཀྱི་ལས་དོན་ཉམས་སུ་མྱོང་ཐུབ་ཞོར་དུ་ཞིབ་དཔྱོད་ལས་དོན་ལ་ཞིབ་ལྟ་ཡང་བྱས་ཡོད།
ཁྱོན་ཡོངས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས། རང་འགུལ་ངང་དྲིལ་བསྒྲགས་སྨྱན་སྦྱོར་སྣ་ཚོགས་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་ནས་ཞིབ་དཔྱོད་ཆ་འཕྲིན ༡༠༠༠ ལྷག་ཙམ་བཀོད་ཡོད། པོད་འཕྲིན་དང་སྐད་འཕྲིན། ཞིབ་དཔྱོད་རྟགས་བརྒྱུད་ནས་ཞིབ་དཔྱོད་ཀྱི་ནབ་དོན ༣༠༠༠ ལྷག་ཙམ་ཁྱབ་བསྒྲགས་དང་གསར་སྒྱུར་བྱ་རྒྱུར་དོ་སྣང་བྱས་ནས་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་པའི་ཞིབ་དཔྱོད་ཁྲིམས་འཛིན་དོ་སྣང་ཆེ་བའི་གྱོད་སྒྲུབ་དང་གནད་དོན་གཙོ་བོ་ལ་ལན་མགྱོགས་མྱུར་བརྒྱབ་པས་ཞིབ་དཔྱོད་གྱོད་སྒྲུབ་ཀྱི་སྤུས་ཚད་ལེགས་པ་དང་ལས་ཆོད་ཆེ་བ། ཕན་འབྲས་བཟང་བ་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
ཞིབ་དཔྱོད་ལས་དོན་ཁྱབ་བསྒྲགས་གཏིང་ཟབ་བྱས་པ། རང་འགུལ་ངང་གྱོད་གཞི་གོ་རིམ་ཅན་གྱི་ཆ་འཕྲིན ༣༧༤ དང་བཅའ་ཁྲིམས་ཡིག་ཆ ༥༣༧ ཡོངས་བསྒྲགས་བྱས། གྱོད་གཞིའི་ཆ་འཕྲིན་གལ་ཆེན༢༥ བསྒྲགས་ཡོད། ཞིབ་དཔྱོད་གཙོ་ཆེའི་དྲ་ཚིགས་ཀྱི་ནུས་པ་འཐུས་ཚང་དུ་བཏང་ནས་གཙོ་ཆེའི་དྲ་ཚིགས་དང ༡༢༣༠༩ ཀྲུང་གོའི་ཞིབ་དཔྱོད་ཆ་འཕྲིན་དྲ་བ་ཡི་ནང་དོན་དུས་ཐོག་ཏུ་གསར་སྒྱུར་བྱས་ཏེ་ཞིབ་དཔྱོད་ལས་དོན་དེ་སྤྱི་དམངས་ལ་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
ལོ ༥ ཡི་རིང་ང་ཚོའི་དཔུང་ཁག་གིས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་འོག་མི་རྣམས་ཀྱིས་ལྷག་བསམ་རྣམ་དག་ངང་འགན་འཁྲི་འཁུར་བ་དང་གདོང་གཏོད་ཐུབ་པ། འབད་འཐབ་བྱེད་ཕོད་པས་ང་ཚོའི་ལས་དོན་ལ་བརྟན་འཇགས་ངང་མཐོར་འདེགས་བཏང་བ་དང་རྒྱུན་མཐུད་ནས་སྤུས་ལེགས་ཡོང་བར་ཕན་ཡོད། ངེད་ཞིབ་དཔྱོད་ཁང་ལ་སྔ་རྗེས་སུ"ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་རིག་གནས་འཛུགས་སྐྱོང་ཕུལ་བྱུང་ཁང" "རྔ་བ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ལས་ཁུངས"སོགས་ཞིང་ཆེན་དང་རང་སྐྱོང་ཁུལ།རྫོང་གི་མཉམ་སྡེབ་གཟེངས་བསྟོད་ཁག ༡༨ ཐོབ། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་གདོང་ལེན་པ་ཀྲང་ཀྲི་ཅུན་གྱིས་འཐུས་མི་བྱས་པའི་ཕུལ་བྱུང་ཞིབ་དཔྱོད་ལས་མི ༡༥ ཐོན་ཡོད། གོང་དུ་བརྗོད་པའི་གྲུབ་འབྲས་དག་ནི་རྫོང་ཨུ་ཡིས་དག་པའི་སྣེ་ཁྲིད་དང་། རྫོང་མི་དམངས་འཐུས་ཚོགས། རྫོང་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་ནུས་ལྡན་འོག རྫོང་སྲིད་གཞུང་དང་རྫོང་སྲིད་གྲོས། སྤྱི་ཚོགས་ཀྱི་ལས་རིགས་ཁག་སོ་སོའི་མི་ཚང་མས་ཐུགས་ཁུར་དང་རྒྱབ་སྐྱོར་། རོགས་རམ་འོག་ལེགས་འགྲུབ་བྱུང་པ་ཡིན། དེ་བས་ངས་རྔ་བ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ནས་འཐུས་མི་རྣམ་པ་དང་ཞིབ་དཔྱོད་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་འགོ་ཁྲིད་རྣམ་པ། བློ་མཐུན་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
ལོ ༥ ཡི་ལས་ཀའི་གོམ་སྟབས་བརྟན་པོ་བྱུང་བ་དང་ལོ ༥ ཡི་བསྒྱུར་བཅོས་ལ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཡོད། ལོ ༥ ཡི་གྲུབ་འབྲས་བརྩོན་ལེན་བྱེད་པའི་གོ་རིམ་ཁྲོད་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་བ་གཅིག་ནི་ངེས་པར་དུ་ཏང་གི་འགོ་ཁྲིད་གཙང་བཙན་གྱི་རྩ་བ་འདི་མཐའ་འཁྱོངས་བྱ་དགོས་པ་དང་ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱས་ན་ད་གཟོད་ཁ་ཕྱོགས་གནད་ལ་འཁེལ་བ་དང་ནུས་ཤུགས་གནད་ལ་འཁེལ་བ།དམིགས་ཡུལ་འབེན་ལ་འཁེལ་བ་བཅས་བྱས་ཏེ་ཕྱོགས་ཡོངས་ཀྱི་འགན་སྒྲུབ་ཐུབ། གཉིས་ནི་ལྟེ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་གཙོ་རྐང་དེ་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས། ཞིབ་དཔྱོད་ལས་དོན་དེ་རྫོང་ཡོངས་ཀྱི་བརྟན་བརླིང་དང་དཔལ་འབྱོར།་སྤྱི་ཡོངས་ནས་སྤྱི་ཚོགས་འཕེལ་རྒྱས་དང་རང་འགུལ་ངང་མཉམ་འདྲེས་བྱེད་ཐུབ་ཚེ་ཞིབ་དཔྱོད་བྱ་གཞག་དག་བརྟན་པོའི་ངང་ཐག་རིང་དུ་འགྲོ་ཐུབ་པ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་ཐུབ། གསུམ་ནི་ངེས་པར་དུ་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་དམིགས་ཡུལ་དེ་མཐའ་འཁྱོངས་བྱེད་དགོས། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་རྒྱུ་འབྲས། རྒྱལ་ཁྲིམས། མིའི་འགྲོ་ལུགས་བཅས་ཀྱི་དོན་སྙིང་བརྩི་སྲུང་དང་ཁྲིམས་འཛིན་གྱི་ནུས་ཤུགས་ཡོད་རྒུ་བཏོན་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱས་ཚེ་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་འཐོབ་ཐུབ། བཞི་ནི་ངེས་པར་དུ་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱ་རྒྱུའི་བརྗོད་བྱ་གཙོ་བོ་འདི་མཐའ་འཁྱོངས་བྱ་དགོས། དོན་དངོས་གཞི་འཛིན་དང་བཅའ་ཁྲིམས་ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ"བཅའ་ཁྲིམས་ཀྱིས་ཁྲིམས་འགལ་ལ་བཟོད་སྒོམ་བྱེད་མི་རུང"ཞེས་པ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཚེ་གཞི་ནས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་དྲང་སྙོམས་དྲང་བདེན་ཞིག་ཡོང་བ་ཚོར་ཐུབ།
གྲུབ་འབྲས་ནི་འདས་ཟིན་པའི་ཁོངས་སུ་གཏོགས་པ་དང་འབྱུང་འགྱུར་གྱི་ལས་འགན་ལྕི་ལ་ལས་ཡུན་རིང་། འདས་ཟིན་པར་ཕྱིར་རྟོག་བྱེད་སྐབས་ཞིབ་དཔྱོད་ལས་དོན་དེ་ཏང་ཨུ་ཡི་བླང་བྱ་དང་མི་དམངས་མང་ཚོགས་ཀྱི་རེ་བ་དང་སྔར་བཞིན་ཧེ་བག་ངེས་ཅན་འདུག དེ་གཙོ་བོ་གཅིག་ནི་དུས་རབས་གསར་པའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་དམིགས་ཚད་རང་བཞིན་ད་དུང་དེ་ཙམ་ཆེན་པོ་མེད་པ། གཉིས་ནི་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་འདོན་སྤེལ་ད་དུང་དོ་མི་མཉམ་པ་དང་ཆ་མི་ཚང་བ། གསུམ་ནི་དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་ད་དུང་སྔར་ལས་མཐོ་རུ་གཏོང་དགོས་པ་བཅས་རེད། གནད་དོན་དེ་དག་ལ་དམིགས་ནས་ང་ཚོས་གནད་ལ་འཁེལ་བའི་སྲིད་ཇུས་ལག་བསྟར་དང་མུ་མཐུད་ཤུགས་འདོན། སྟོབས་ཤུགས་ཆེར་སྐྱེད་ཀྱིས་ལེགས་བཅོས་བྱ་རྒྱུ་ཡིན། འདིར། འཐུས་མི་རྣམ་པས་ང་ཚོར་རྩ་ཆེའི་བསམ་འཆར་དང་གྲོས་འགོ་བཏོན་ནས་མ་འོངས་བའི་རྔ་བ་རྫོང་གི་ཞིབ་དཔྱོད་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རོགས་བྱེད་པ་ནི་ང་ཚོའི་རེ་བ་ཡིན།
མ་འོངས་བའི་ལོ་༥ཡི་ལས་ཀའི་བསམ་ཕྱོགས་དང་ལས་འགན།
སླད་ཕྱིན་གྱི་ལོ ༥ ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་འཇུག་བྱས་པའི་ལོ་ལྔ་བ་དང་པོ་ཡིན། རྫོང་གི་ཏང་འཐུས་མི་ཚོགས་ཆེན་ཐེངས ༡༤ པར་རྔ་བའི་མ་འོངས་པའི་ལོ་5ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཆར་གཞི་རླབས་ཆེན་བཀོད་ཡོད། "བཅུ་བཞི་ལྔའི"ཞིབ་དཔྱོད་བྱ་གཞག་གི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་པས་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་འགན་གཟི་བརྗིད་ལྡན་ལ་འགན་འཁྲི་ལྕི་པོ་ཡོད། མ་འོངས་བའི་ལོ་5ཡི་སྤྱིའི་བསམ་ཕྱོགས་ནི་དུས་དང་རྣམ་པ་ཀུན་དུ་ཞི་ཅིན་ཕེང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གཞིར་བཟུང་སྟེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང<<ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར>>དེ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཁུལ་ཨུ་ཡོན་ལྷན་ཁང་། རྫོང་ཨུ་དང་གོང་རིམ་ཞིབ་དཔྱོད་ལས་ཁུངས་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ཁག་ལག་བསྟར་ནན་ཏན་བྱ་དགོས། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་མི་དམངས་ལྟེ་བར་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཛུགས་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་བྱས་ཏེ། རྔ་པ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་ཚད་ལ་གཞོགས་འདེགས་བྱས་ནས་རྩ་ཁྲིམས་ཀྱིས་དཀྲིས་པའི་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་ཏེ"ལྷག་བསམ་རྣམ་དག་གི་རྔ་བ་དང་བརྟན་བརླིང་རྔ་བ། འཆམ་མཐུན་རྔ་བ།འབྱོར་ཕྱུག་རྔ་བ། སྐྱེ་ཁམས་ཀྱི་རྔ་བ། ཁྲིམས་སྐྱོང་རྔ་བ། མཛེས་སྡུག་རྔ་བ"བཅས་འཛུགས་སྐྲུན་གང་མགྱོགས་བྱེད་ཆེད་ཞིབ་དཔྱོད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
གཅིག་ནི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཞིབ་དཔྱོད་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དོན་འཁྱོལ་བྱེད། དུས་དང་རྣམ་པ་ཀུན་དུ་ཞི་ཅིན་ཕེང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གཞིར་བཟུང་སྟེ། “འདུ་ཤེས་བཞི”ཇེ་ཟབ་དུ་གཏོང་བ། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ཏེ་ཞིབ་དཔྱོད་ཀྱི་འགན་འཁྲི་སྒྲུབ་པའི་རིང་ཆབ་སྲིད་ཀྱི་བརྡར་གཅོད་སྒྲུབ་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་བ། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། ཏང་དབུ་བཪྙེས་ནས་ལོ་༡༠༠་འཁོར་བའི་སྐབས་ཀྱི་ཏང་གི་ལོ་རྒྱུས་ཐོག<<ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར>>པར་འགྲེམས་ཐེངས་དང་པོ་བྱས་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་བསམ་འཆར་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་དུས་རབས་གསར་པར་ཞིབ་དཔྱོད་ཀྱི་འགན་ནུས་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས། དགོས་འདུན་ཆེ་བའི་འདུ་ཤེས་བཅས་རང་འགུལ་གྱིས་ཇེ་མཐོར་གཏོང་དགོས།
གཉིས་ནི་ཁྲིམས་སྐྱོང་གི་རང་རྟོགས་ཆེ་རུ་བཏང་ནས་རྔ་པ་འཛུགས་སྐྲུན་གྱི་རྣམ་པ་གསར་པའི་ནང་ནུས་ཤུགས་ཡོད་རྒུས་མཉམ་འདྲེས་ཐུབ་པ་བྱེད་དགོས་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་ཁྲིམས་འཛིན་འདུ་ཤེས་གསར་སྒྱར་དང་ཁྲིམས་འཛིན་གྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་། བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་ལག་བསྟར་ནན་ཏན་བཅས་བྱས་ཏེ། ཁྲིམས་སྐྱོང་ལ་བརྟེན་ནས་དམངས་ཚོགས་ཀྱི་དྲང་སྙོམས་དྲང་བདེན་གྱི་རིན་ཐང་ལྟ་བར་སྣེ་ཁྲིད་བྱེད་དགོས། རྒྱལ་ཁབ་ཀྱི་ཆབ་སྲིད་བརྟན་བརླིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་གཞི་རིམ་བཅོས་སྐྱོང་གི་དུས་བབ་གསར་པ། ཁྱད་ཆོས་གསར་པར་བརྟག་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཧུར་ཐག་གིས་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྱོང་ནང་ཞུགས་ཏེ། རྔ་བ་རྫོང་གི་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ཞིབ་དཔྱོད་ཀྱི་གཞི་འཛིན་ས་དང་དཔྱད་གཞི་མཁོ་འདོན་བྱེད་དགོས།
གསུམ་ནི་རང་རྟོགས་ཞིབ་དཔྱོད་ལ་ཤུགས་སྣོན་བརྒྱབ་ནས་བཅའ་ཁྲིམས་ལྟ་སྐུལ་གྱི་མ་ལག་གསར་པ་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས། སྤྱི་བདེའི་མྱུལ་ཞིབ་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཉེས་མེད་གྱོད་གཞི་དང་གྱོད་གཞི་རྫུན་མ།གྱོད་གཞི་ནོར་འཁྲུལ་ཅན་བཅས་འབྱུང་བརྩད་ནས་སྔོན་འགོག་བྱ་དགོས། མི་དམངས་ཁྲིམས་ཁང་གི་ཉེས་དོན་འདྲི་གཅོད་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་བྱས་ཉེས་གཏན་འཁེལ་དང་ཉེས་ཆད་ཚད་འབེབས་དྲང་གཞག་ཡོང་བའི་འགན་ལེན་བྱེད་དགོས།དམངས་དོན་དང་སྲིད་འཛིན་གཏུག་བཤེར་ལ་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འཛིན་དྲང་གཞག་དང་ཁྲིམས་འཛིན་གྱི་དབང་གྲགས་སྲུང་སྐྱོང་བྱ་དགོས། སྤྱི་ཕན་གཏུག་བཤེར་ལ་ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་ནན་ཏན་བྱ་དགོས།
བཞི་ནི་རང་རྟོགས་ཀྱིས་འགན་འཁྲི་འཁུར་བའི་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས། རྫོང་ཨུའི་སྤྱིའི་ལས་ཀའི་བླང་བྱར་དམིགས་ནས"སྣོད་བཅུད་དང་འཕེལ་རྒྱས། དམངས་འཚོ། བརྟན་བརླིང་། སྤྱོད་ཚུལ"བཅས་འགག་རྩ ༥ ལ་དམ་པོར་དམིགས་ཏེ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི" ༡༣༩༦ "ལས་ཀའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས"ཚད་གཞི་དང་ཕན་ནུས། ཁྲིམས་སྐྱོང་། བརྩེ་སེམས"བཅས་ཀྱི་ལས་ཀའི་བླང་བྱ་ལག་བསྟར་བྱས་ནས་ཞིབ་དཔྱོད་ཀྱི་འགན་ནུས་ལག་བསྟར་ཏན་ཏིག་བྱེད་དགོས། "རྔ་པ་བདུན"གྱི་འཛུགས་སྐྲུན་ལ་ཞབས་ཞུ་འགན་ལེན་བྱས་ནས་ལྗང་མདོག་འཕེལ་རྒྱས་ལ་བྱས་ཏེ་ཉེས་དོན་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་ནས་རྔ་པ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་འགན་ལེན་བྱས་པ་རེད།
ལྔ་ནི་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་བཏང་ནས་ཞིབ་དཔྱོད་དཔུང་ཁག་གི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་མངོན་དགོས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་སྟེ་ཞིབ་དཔྱོད་ཀྱི་འགན་འཁྲི་སྒྲུབ་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། ཞིབ་དཔྱོད་དཔོན་གྱི་བྱས་རྗེས་དཔྱད་བསྡུར་ལམ་ལུགས་དོན་འཁྱོལ་དང་གྱོད་གཞི་ཞིབ་གཅོད་ཀྱི་སྤུས་ཚད། ལས་ཆོད། ཕན་འབྲས་བཅས་ལ་ཕྱོགས་བསྡུས་གདེང་འཇོག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ།་ཞིབ་དཔྱོད་དཔུང་ཁག་གསར་བརྗེ་ཅན་དང་ཚད་ལྡན་ཅན། ཆེད་ལས་ཅན། ལས་རིགས་ཅན་བཅས་སུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ།"རྩེར་སོན་"་གྱི་ཚད་གཞིར་བརྟེན་ནས་ཆེད་ལས་གསོ་སྐྱོང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཤེས་ལྡན་མི་སྣ་གསོག་འཇོག་བྱེད་པར་དོ་སྣང་བཅས་བྱས་ཏེ་ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་ལྟར་དྲང་གཞག སྒྲིག་ཁྲིམས་དམ་ནན་བཅས་ཡིན་པའི་ཞིབ་དཔྱོད་དམག་དཔུང་ཅིག་འཛུགས་སྐྱོང་ཧུར་ཐག་བྱ་དགོས།
འཐུས་མི་རྣམ་པ། གྲུ་བརྒྱའི་རླུང་གཡོར་བཏེགས་ནས་ནི།། མདུན་གྱི་རླབས་ཆེན་གཤེགས་པར་འགྲན།། ས་རབས་གསར་པས་ང་ཚོར་ལས་འགན་གསར་པ་སྤྲད་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པས་ང་ཚོར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་དགོས་པར་ལྕག་སྐུལ་བྱས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རྫོང་ཨུ་དང་ཁུལ་ཞིབ་དཔྱོད་ཁང་གི་འགོ་ཁྲིད་མཐའ་འཁྱོངས་འོག་ད་ཐེངས་ཀྱི་ཚོགས་འདུའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཐོག་མའི་བསམ་འདུན་གྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ་བྱས་ནས་རྔ་བ་རྫོང་གི"རྫོང་གཅིག་དང་ལྟེ་བ་གཅིག"ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལ་མཛད་རྗེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན།
འབྲེལ་ཡོད་ཐ་སྙད་ཀྱི་གསལ་བཤད།
ཞིབ་དཔྱོད་ཆེན་པོ་བཞི། ཉེས་དོན་ཞིབ་དཔྱོད། དམངས་དོན་ཞིབ་དཔྱོད། སྲིད་འཛིན་ཞིབ་དཔྱོད། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད།
ལས་སྒོ་ཆེ་གྲས་བཅུ། སྤྱིར་བཏང་གི་ཉེས་དོན་ཉེས་གསོག་གི་ཞིབ་དཔྱོད་ལས་སྒོ། ཉེས་དོན་ཉེས་གསོག་ཚབས་ཆེན་གྱི་ཞིབ་དཔྱོད་ལས་སྒོ།་ལས་ཐོག་ཉེས་གསོག་གི་ཞིབ་དཔྱོད་ལས་སྒོ།་དཔལ་འབྱོར་དང་དངུལ་རྩའི་ཉེས་གསོག་ཞིབ་དཔྱོད་ཀྱི་ལས་སྒོ།་ཉེས་དོན་ལག་བསྟར་དང་ཁྲིམས་འཛིན་མི་སྣའི་ལས་ཐོག་ཉེས་བསགས་ཀྱི་ཞིབ་དཔྱོད་བྱེད་སྒོ།་དམངས་དོན་ཞིབ་དཔྱོད་བྱེད་སྒོ།་སྲིད་འཛིན་ཞིབ་དཔྱོད་ཀྱི་བྱེད་སྒོ།་སྤྱི་ཕན་གཏུག་བཤེར་གྱི་ཞིབ་གཅོད་བྱེད་སྒོ།་ལོ་ན་མ་སོན་པའི་སྐྱེ་བོའི་ཞིབ་དཔྱོད་དང་ཞུ་གཏུག རྒྱུ་མཚན་ཞུ་འབུལ་གྱི་ཞིབ་གཅོད་བྱེད་སྒོ་བཅས་ཡིན།
སྤྱི་ཕན་གཏུག་བཤེར། བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ལས་ཁུངས་དང་འབྲེལ་ཡོད་རྩ་འཛུགས་ཀྱིས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཏང་བའམ་གནོད་འཚེ་གཏོང་བའི་ཉེན་ཁ་ཡོད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་དམངས་དོན་གཏུག་བཤེར་རམ་སྲིད་འཛིན་གཏུག་བཤེར་བྱས་པར་ཟེར། 2017ལོའི་ཟླ་6ཚེས་27ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་<<དམངས་དོན་གཏུག་བཤེར་བཅའ་ཁྲིམས་>>་དང་<<་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་>>བཟོ་བཅོས་རྒྱག་རྒྱུའི་གཏན་འབེབས་ལ་གྲོས་འཆམ་བྱུང་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་བྱེད་པའི་ལམ་ལུགས་དངོས་སུ་བཙུགས་པ་རེད།
ཞིབ་དཔྱོད་གྲོས་འགོ། མི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་བཅའ་ཁྲིམས་ནང་མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་དབང་སྤྱོད་སྐབས་བརྟག་དཔྱད་ཞིབ་བསྡུར་བྱས་ཆོག་པ་དང་ཁྲིམས་ལྟར་ཞིབ་དཔྱོད་བྱ་རྒྱུའི་གྲོས་འགོ་བཏོན་ཆོག་ཅིང་།འབྲེལ་ཡོད་སྡེ་ཚན་གྱིས་གཞོགས་འདེགས་བྱ་དགོས་པ་མ་ཟད།དུས་ཐོག་ཏུ་ཞིབ་དཔྱོད་གྲོས་འགོ་དང་ལེན་བྱས་ཚུལ་ཡིག་ཐོག་ནས་མི་དམངས་ཞིབ་གཅོད་ཁང་ལ་ལན་འདེབས་དགོས་པའི་གཏན་འབེབས་བྱས་ཡོད། ཞིབ་དཔྱོད་ཀྱི་གྲོས་འགོའི་ནང་གཙོ་བོ་བསྐྱར་ཞིབ་ཞིབ་དཔྱོད་ཀྱི་གྲོས་འགོ་དང་ཁྲིམས་འགལ་ཞིབ་དཔྱོད་ཡོ་བསྲང་གི་གྲོས་འགོ་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་གྲོས་འགོ་སྤྱི་ཚོགས་བཅོས་སྐྱོང་གི་ཞིབ་དཔྱོད་གྲོས་འགོ་བཅས་ཚུད་ཡོད།
ཞིབ་དཔྱོད་གྲོས་འགོ་ཨང་དང་པོ། ༢༠༡༨ལོའི་ཟླ་༡༠བའི་ཚེས་༡༩ཉིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སློབ་གསོ་པུའུ་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་གྲོས་འགོའི་ཡི་གེ》ཞིག་བསྐུར་བ་དང་གྲོས་གཞིའི་ཡི་གེ་དེའི་ནང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བུ་བཅོལ་ཁང་གི་བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་ཉེས་གསོག་གྱོད་གཞིར་དབྱེ་ཞིབ་དང་ཐག་གཅོད་ནན་ཏན་བྱས་ཏེ་སློབ་གྲྭའི་བདེ་འཇགས་དོ་དམ་གྱི་གཏན་འབེབས་ལག་བསྟར་ནན་པོ་མ་བྱས་པ་དང་།དགེ་རྒན་གྱིས་དོ་དམ་གནད་ལ་མི་འཁེལ་བ་དེ་བཞིན་བྱིས་པ་དང་སློབ་མའི་ཁྲིམས་ལུགས་སློབ་གསོ་དང་གནོད་འཚེ་སྔོན་འགོག་སློབ་གསོའི་ལས་གནས་སྟོང་པར་ལུས་པ་སོགས་ཀྱི་གནད་དོན་ཐད་ཞིབ་ཕྲའི་གྲོས་འགོ་ཁག་གསུམ་བཏོན་པ་རེད། ཐེངས་འདིའི་ཆེས་མཐོའི་ཞིབ་དཔྱོད་ཁང་གིས་ཐད་ཀར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁོངས་གཏོགས་སྡེ་ཁག་ལ་ཞིབ་དཔྱོད་ཀྱི་གྲོས་འགོ་ཐེངས་དང་པོ་བཏོན་པ་ཡིན་ལ།ཐེངས་དང་པོར་སྤེལ་བའི་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ཐད་ཀྱི་ཞིབ་དཔྱོད་གྲོས་གཞིའི་ཡི་གེ་ཡང་ཡིན།གྲོས་འགོ་ཡི་གེ་འདིའི་ཨང་གྲངས་ནི་ཨང་དང་པོ་ཡིན་པས་དེར“ཞིབ་དཔྱོད་ཀྱི་གྲོས་འགོ་ཨང་དང་པོ”ཞེས་འབོད།
ཞིབ་དཔྱོད་གྲོས་འགོ་ཨང་བཞི་བ། 2020ལོའི་ཟླ་4ཚེས་8ཉིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ལ་བསྐུར་བའི<<་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་གྲོས་འགོའི་ཡི་གེའི་>>ནང་ཁྲོན་ཁེབས་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཤི་རྨས་དོན་རྐྱེན་ལས་ཐོན་པའི་གྱོད་གཞིར་དབྱེ་ཞིབ་ནན་ཏན་བྱས་ཏེ་འགན་འཁྲིའི་ཚན་པའི་བདེ་འཇགས་འདུ་ཤེས་ཟབ་མོ་མེད་པ་དང་དོ་དམ་ཚད་ལྡན་མེད་པ།ལས་ཀ་གནད་ལ་མི་འཁེལ་བ་བཅས་དང་དེ་བཞིན་ཁྲོན་པའི་ཨར་ལས་དང་།དོ་དམ།བདག་སྐྱོང་བཅས་ཐད་ལྷག་པའི ཞིབ་ཕྲའི་སྤྱི་ཚོགས་བཅོས་སྐྱོང་གི་གྲོས་འགོ་ཁག ༤ བཏོན་པ་དེའི་ཨང་རྟགས་ནི་ཨང་4པ་ཡིན་པར་བརྟེན"ཞིབ་དཔྱོད་ཀྱི་གྲོས་འགོ་ཨང ༤ པ"ཞེས་བརྗོད་ཀྱི་ཡོད།
སྲིད་འཛིན་ཉེས་དོན་འབྲེལ་མཐུད། སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་དང་སྤྱི་བདེ་ལས་ཁུངས།་ཞིབ་དཔྱོད་ལས་ཁུངས་བཅས་ཀྱིས་ཆ་འཕྲིན་མཉམ་སྤྱོད་དང་གྱོད་གཞི་སྤོ་སྐྱེལ།་མཐུན་སྦྱོར་གཞོགས་འདེགས།་ལྟ་སྐུལ་ཚོད་འཛིན་སོགས་ཀྱི་ཐད་ལས་ཀའི་ལམ་ལུགས་བཙུགས་ནས་ཉེས་བསགས་དོགས་གནད་ཡོད་པའི་གྱོད་གཞི་ཁྲིམས་ལྟར་དུས་ཐོག་ཏུ་ཁྲིམས་འཛིན་གོ་རིམ་དུ་ཞུགས་པར་འགན་ལེན་བྱས་པ་ལ་ཟེར།
བརྒྱད་ཅན། ཁྲིམས་བསྟར་ཚད་ལྡན་ཅན་དང་ཚད་རིམ་ཅན།དཔུང་ཁག་ཆེད་ལས་ཅན་དང་ལས་རིགས་ཅན།་དོ་དམ་ཚན་རིག་ཅན་དང་ཆ་འཕྲིན་ཅན།་དེང་རབས་ཅན་དང་དངོས་སྤྱོད་ འགན་སྲུང་།
ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་1396ལས་ཀའི་བསམ་ཕྱོགས།
ལྟེ་བ་གཅིག་མངོན་གསལ་དོད་པོ་ཡོང་བ། ཞིབ་དཔྱོད་ལས་དོན་རང་ངོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྔ་བ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་དང་འགན་ལེན་བྱས་པ། སྙིང་སྟོབས་གསུམ་དར་སྤེལ་གཏོང་དགོས། དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས།བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས། གཙོ་གནད་ལས་དོན་ཁག་དགུ་ལ་མདོ་འདུ་བ་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོང་།་དཔལ་འབྱོར་གྱི་བདེ་འཇགས་སྲུང་སྐྱོང་།་སྐྱེ་ཁམས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་།ཉེས་དོན་ཞིབ་དཔྱོད་ཕུལ་བྱུང་དང་དམངས་དོན་ཞིབ་དཔྱོད་སྟོབས་ལྡན་དུ་གཏོང་བ།་སྲིད་དོན་ཞིབ་བཤེར་ལག་བསྟར།་སྤྱི་ཕན་གཏུག་བཤེར་ལེགས་སྒྲུབ།་ལོ་ན་མ་སོན་པའི་སྐྱེ་བོའི་ཞིབ་དཔྱོད་གསར་གཏོད་བཅས་བྱ་དགོས། འཛུགས་སྐྲུན་རྣམ་གྲངས ༦ དམ་འཛིན་ནན་པོ་བྱེད་པ། བསམ་བློ་དང་ཆབ་སྲིད་ལེགས་སྐྱོང་།ཁོངས་གཏོགས་ཁྱོན་ཡོངས་ལེགས་སྐྱོང་།་ཁྲིམས་སྐྱོང་བསམ་གཞིགས་ལེགས་སྤེལ།་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བ།་སྒྲིག་ཁྲིམས་དང་སྤྱོད་ཚུལ་ལེགས་སྐྱོང་།་གཞི་རིམ་གྱི་རྨང་གཞི་འཛུགས་སྐྱོང་ །
ཡུལ་ཁུལ་གྱི་རྫོང་ལྔ། རྔ་བ་རྫོང་། མཛོད་དགེ་རྫོང་། ཁྱུང་ཆུ་རྫོང་། འཛམ་ཐང་རྫོང་། ཟུང་ཆུ་རྫོང་།